མཚོ་སྔོན་ཞིང་ཆེན་གྱི་རྫོང་ཞང་རིམ་པ་གཉིས་ཀྱི་དམངས་འཐུས་ཚོགས་ཆེན་གྱི་སྐབས་བརྗེ་འདེམ་བསྐོ་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཐེངས་གཉིས་པ་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྫོང་དང་ཞང་རིམ་པ་གཉིས་ཀྱི་དམངས་འཐུས་ཚོགས་ཆེན་གྱི་སྐབས་བརྗེ་འདེམ་བསྐོ་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཐེངས་གཉིས་པ་ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན་ཟི་ལིང་ནས་ཚོགས། ཚོགས་ཐོག་ནས་ཧྲུའུ་ཅི་ཝང་གོ་ཧྲིན་གྱི་གཏམ་བཤད་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། རྫོང་དང་ཞང་རིམ་པ་གཉིས་ཀྱི་དམངས་འཐུས་ཚོགས་ཆེན་གྱི་སྐབས་བརྗེ་འདེམ་བསྐོ་བྱ་བར་སྤྱི་སྡོམ་བྱས། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་གྱིས་གཏམ་བཤད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་སུའུ་ཉིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཁོངས་གཏོགས་ལས་ཁུངས་སོ་སོས་བརྗེ་རེས་གཏམ་བཤད་སྤེལ།

མུའུ་ཏུང་ཧྲིན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རྫོང་དང་གྲོང་ཁྱེར། ཆུའུ་ཞེ་གསུམ་དང་། ཞང་དང་གྲོང་རྡལ་སུམ་བརྒྱ་དང་རེ་ལྔའི་དམངས་འཐུས་ཚོགས་ཆེན་གྱི་སྐབས་བརྗེ་འདེམ་བསྐོ་བྱ་བ་བདེ་བླག་ངང་མཇུག་བསྒྲིལ་བ་དང་། གྲུབ་འབྲས་མངོན་གསལ་བླངས་ལ། འདེམ་དམངས་ཀྱི་ཁྲིམས་ལྟར་འདེམ་བསྐོ་བྱེད་པའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་སོང་བ་དང་། འཐུས་མིའི་གྲུབ་ཚུལ་སྔར་ལས་ལེགས་སྒྲིག་བྱས་ལ། རྫོང་དང་ཞང་གི་མགོ་ཁྲིད་ཚན་ཁག་ཧྲིལ་བོའི་རྩོལ་ནུས་སྔར་ལས་ཇེ་མཐོར་སོང་ཟེར།

མུའུ་ཏུང་ཧྲིན་གྱིས་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཞིང་ཆེན་དང་གྲོང་ཁྱེར། ཁུལ། རྫོང་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཞུགས་མོལ་ཚོགས་འདུའི་སྟེང་སྤེལ་བའི་གཏམ་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་གོ་བ་ཟབ་མོ་ལེན་པ། ལག་ལེན་མཐར་ཕྱིན་བྱེད་པ་དང་། སྙིང་སྟོབས་ཆེན་པོ་དང་བྱ་བའི་སྤྲོ་སེམས་ཆེན་པོས། ཧུར་ཐག་མདུན་སྐྱོད་བྱེད་པ་དང་། སྐབས་བརྗེའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ནན་ནན་ཏིག་ཏིག་གིས་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་བྱ་བ་དང་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་དམངས་འཐུས་ཚོགས་ཆེན་གྱི་ནུས་པ་འདོན་སྤེལ་བྱེད་དགོས་པའི་རེ་བ་བཏོན།

སུའུ་ཉིན་གྱིས་ནན་གྱིས་བསྟན་དོན། སྐབས་བརྗེ་འདེམ་བསྐོ་ཐད་ནས་གྲུབ་འབྲས་དགའ་འོས་པ་བླངས་པ་མ་ཟད། མཚོ་སྔོན་གྱི་སྐབས་བརྗེའི་ལོ་རྒྱུས་སྟེང་རྔམ་བརྗིད་ལྡན་ཞིང་འོད་སྟོང་འབར་བའི་ཟིན་བྲིས་གསར་བ་བཀོད། སྤྱི་བསྡོམས་བྱ་བ་བཟང་བོར་བསྒྲུབ་པ་དང་། སྤྱོད་ཚུལ་བཟང་བོ་དང་ཉམས་མྱོང་བཟང་བོ། བྱེད་ཐབས་བཟང་བོར་སྤྱི་སྡོམ་དང་རྒྱུན་འཛིན་བྱེད་པ་དང་། འཐུས་ཚང་དང་ཁྱབ་གདལ་དུ་གཏོང་དགོས་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།