མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཕྱུགས་ཐིན། ཧུའུ་ཀྲུའུ་རྫོང་བཅས་སུ་སོང་ནས་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པ་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཞིང་ཕྱུགས་ཐིན། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་བཅས་སུ་སོང་ནས་གཅིག་བསྡུས་སྒྲོག་འགྲེལ་སྙན་ཞུ་ཚོགས་འདུ་ཐེངས་གསུམ་ལ་བསྡུས་པ་དང་། ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་དང་། ལས་བཟོ་བ། རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་སོགས་མི་དྲུག་བརྒྱ་ལྷག་གིས་སྙན་ཞུ་ལ་ཉན།

ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡན་ཧེ་མའོ་དང་། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་མཱ་ཧུང་པོ། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་ཏང་ཨུའི་འཆད་ཁྲིད་ཚོགས་པའི་ཚོགས་གཙོ་གཞོན་པ་ཀྲང་ཆི་ཚེ་བཅས་ཀྱིས་སོ་སོར་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དོན་སྙིང་གལ་ཆེན་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ། ཏང་ནང་ཁུལ་གྱི་ལྟ་སྐུལ་འགན་འཁྲི་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། མགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པ་འབུར་ཐོན་བྱས་ནས་དམ་འཛིན་བྱེད་པ་སོགས་ཕྱོགས་ནས། ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཆ་ཚང་བ་དང་གོ་རིམ་ལྡན་པའི་སྒོ་ནས་འགྲེལ་ཀློག་དང་གསལ་བཤད་བྱས།

སྙན་ཞུ་ཚོགས་འདུ་གྲོལ་རྗེས། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཚོས་ད་དུང་ཏང་ཡོན་ལས་བྱེད་པ་དང་། གཞི་རིམ་གྱི་མང་ཚོགས་བར་བསམ་ཚུལ་བརྗེ་རེས་བྱས་པ་དང་ཁོ་ཚོའི་དྲི་བར་ལན་བཏབ། སྒྲོག་འགྲེལ་སྙན་ཞུ་ཡིས་ཚུར་སྣང་ཆེན་པོ་བསླངས། ཚང་མས་སྙན་ཞུ་ལ་ཉན་རྗེས། སྐུལ་སློང་ཆེན་པོ་ཐེབས་པ་དང་ཡིད་ཆེས་ཇེ་བརྟན་དུ་བཏང་བ་མ་ཟད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཁྱོན་ཡོངས་ནས་རྒྱུས་ལོན་ཆ་ཚང་དང་གཏིང་ཟབ་པ་ཞིག་བྱེད་ཐུབ་པ་དང་། ཁྱོན་ཡོངས་ནས་ཏང་ལ་བཅོས་སྐྱོང་ནན་མོ་བྱེད་པ་ལས་གཡོ་འགུལ་དང་ལྷོད་གཡེང་སྤུ་ཚམ་ཡང་མི་བྱེད་པའི་ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་བཏང་། ཏང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་བྱ་བ་སྒྲུབ་པ་དང་ལས་སྐྲུན་བྱེད་པའི་སྒུལ་ཤུགས་སུ་བརྩིས་ནས། རང་འགན་བྱ་བ་ཧུར་ཐག་གིས་བསྒྲུབ་པ་དང་། ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།