གློག་བརྙན《ཐར་ལོ》ལ་ཕེ་ལན་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་གློག་བརྙན་ཁྱབ་གདལ་མནའ་འབྲེལ་ཞིབ་དཔྱད་ཚོགས་པའི་དམིགས་བསལ་བྱ་དགའ་ཐོབ།

7.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཕེ་ལན་གྱི་ས་གནས་དུས་ཚོད་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར།   བོད་བརྙན《ཐར་ལོ》ལFive Flavours Film Festival "ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་གློག་བརྙན་ཁྱབ་གདལ་མནའ་འབྲེལ་ཞིབ་དཔྱད་ཚོགས་པའི་དམིགས་བསལ་བྱ་དགའ་ཐོབ།" ཐེངས་འདིའི་ཞིབ་དཔྱད་ཚོགས་པའི་དཔྱད་འཇོག་ནི་འདི་ལྟ་སྟེ།  "འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན《ཐར་ལོ》ལ་ཁྱད་དུ་འཕགས་པའི་མཛེས་རྟོག་དང་མངོན་པར་འཕགས་པའི་བརྙན་རིས་བརྒྱུད་དེ།  མི་དང་མིའི་བར་ཁ་འཁྱག་ངོ་འཁྱག་ཡིན་ལ་རེ་བ་རྨེག་མེད་དུ་གྱུར་ཟིན་པའི་གཏམ་རྒྱུད་ཅིག་ཞིབ་བརྗོད་བྱས་ཡོད།"  བྱ་དགའ་འདི་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རྩལ་རིག་གནས་རྩ་འཛུགས་ཀྱི་ཆ་རྐྱེན་འོག་དབུ་བརྙེས་པ་ཞིག་ཡིན།

8.jpg

མིག་སྔར《ཐར་ལོ》འགྲེམ་སྤེལ་བྱེད་སྒང་ཡིན་པས།  འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ཕེ་ལན་དུ་ཆས་ཏེ་བྱ་དགའ་བསྩལ་བའི་མཛད་སྒོར་ཞུགས་མ་ཐུབ་མོད།   འོན་ཀྱང་།   VCRབརྒྱུད་དེ་ཐེངས་འདིའི་དཔྱད་བསྡུར་ཚོགས་པ་དང་གློག་བརྙན་དུས་སྟོན་ལ་བཀའ་དྲིན་ཞུས་ཤིང་། མིག་སྔའི་ཆ་ལ་རང་ཉིད་ཀྱི་རེ་འདུན་གཙོ་བོ་ནི་གློག་བརྙན༼ཐར་ལོ༽གཟིགས་མོ་བ་མང་པོས་བལྟ་ཐུབ་རྒྱུ་དེ་ཡིན་པའི་འདོད་བློ་བསྟན་འདུག་པའོ། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།