ཉིས་སྟོང་བཅུ་བདུན་ལོར་མཚོ་སྔོན་ཞིང་ཆེན་གྱིས་ཁང་རྙིང་ཁུལ་བསྒྱུར་བཀོད་ལས་གཞི་བརྒྱ་དང་ཞེ་བདུན་དང་ཁྱིམ་ཚང་ཁྲི་ལྔ་ལྷག་གི་ཁང་རྙིང་བསྒྱུད་བཀོད་བྱེད་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ།   མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་བཅུ་བདུན་ལོའི་གྲོང་ཁྱེར་གྱི་ཁང་རྙིང་ཁུལ་བསྒྱུར་བཀོད་ལས་གཞིའི་སྔོན་རྩིས་བཀོད་སྒྲིག་གི་འབྲེལ་ཡོད་བརྡ་སྦྱོར་དཔར་ནས་བཀྲམ་པ་དང་ཉིས་སྟོང་བཅུ་བདུན་ལོར་ཁང་རྙིང་ཁུལ་བསྒྱུར་བཀོད་ལས་གཞི་བརྒྱ་དང་ཞེ་བདུན་ལག་བསྟར་བྱེད་པ་དང་ཁྱིམ་ཚང་ཁྲི་ལྔ་དང་སྟོང་དྲུག་སུམ་བརྒྱ་བཅོ་ལྔའི་ཁང་རྙིང་བསྒྱུར་བཀོད་བྱེདརྒྱུ་རེད།

མཚོ་སྔོན་ཞིང་ཆེན་གྱིས་དགུན་ཁའི་ངལ་གསོའི་དུས་ཚོད་བེད་སྤྱོད་གང་ལེགས་བྱེད་པ་དང་གསར་འཛུགས་ལས་གཞིའི་འཛུགས་སྐྲུན་རང་བཞིན་གྱི་ཞིབ་ཕྲའི་འཆར་འགོད་དང་དངུལ་ལོར་ཅན་བཀོད་སྒྲིག་ཇུས་གཞི་བཟོ་འགོད་བྱེད་པ་དམ་པོར་འཛིན་པ་དང་།    དུས་གཏན་ཁེལ་བྱས་ཏེ་འཆར་འགོད་ཆོག་མཆན།   ས་ཞིང་བེད་སྤྱོད།   བཟོ་སྐྲུན་ཆོག་མཆན་སོགས་འགྲོ་ལུགས་ལེགས་འགྲུབ་བྱས་ནས་ཧུར་ཐག་གིས་འཛུགས་སྐྲུན་མ་དངུལ་གྲབས་གསོག་དང་མགྱོགས་མྱུར་སྒོས་མ་དངུལ་དང་ས་ཞིང་།   འཆར་འགོད།   དེ་མིན་སྡོད་ཁང་གཞུང་བསྡུ་སོགས་འཛུགས་སྐྲུན་ཆ་རྐྱེན་དོན་འཁྱོལ་བྱེད་རྒྱུ་རེད།    དུས་ལྟར་འཛུགས་སྐྲུན་བྱེད་མི་ཐུབ་པའི་ལས་གཞི་དུས་ཐོག་ཏུ་ལེགས་སྒྲིག་བྱས་ནས་སང་ལོའི་ཟླ་དྲུག་པའི་སྔོན་ལ་འཛུགས་སྐྲུན་མགོ་བརྩམས་ཚད་བརྒྱ་ཆའི་དྲུག་ཅུར་སླེབས་པ་དང་ཟླ་བཅུ་བའི་སྔོན་ལ་བརྒྱ་ཆའི་བརྒྱ་ལ་སླེབས་པར་འགན་སྲུང་བྱེད་པ་དང་ཧུར་ཐག་གིས་ཀྲུང་གོ་གསར་སྤེལ་དངུལ་ཁང་དང་ཞིང་ལས་དངུལ་ཁང་སོགས་དངུལ་རྩའི་སྡེ་ཁག་དང་མཐུན་སྦྱོར་བྱས་ནས་མ་དངུལ་བཀོལ་སྤྱོད་བྱེད་པའི་འཆར་གཞི་དང་ཁང་རྙིང་ཁུལ་བསྒྱུར་བཀོད་བྱེད་པའི་བསྐྱི་དངུལ་རོགས་ལས་ནང་རྐྱེན་འཐུས་ཚང་དུ་གཏོང་རྒྱུ་ཡིན་པ་དང་གོམ་གང་མདུན་སྤོས་ཀྱིས་དངུལ་རྩའི་ཡོང་ཁུངས་རྒྱ་བསྐྱེད་པ་དང་ལས་གཞིའི་དངུལ་རྩའི་འཁོར་རྒྱུག་གཙོ་བོ་གཏན་ཁེལ་གསལ་བོ་བྱས་ནས་ཉིས་སྟོང་བཅུ་བདུན་ལོའི་ཁང་རྙིང་ཁུལ་བསྒྱུར་བཀོད་ལས་གཞིའི་མ་དངུལ་མ་བསྐྱིས་སྔོན་གྱི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།