མཚོ་སྔོན་གྱིས་ཞིང་སྡེ་དང་འབྲོག་ཁུལ་གྱི་ཕ་མ་གམ་ན་མེད་པའི་བྱིས་པར་སེམས་ཁུར་སྲུང་སྐྱོབ་བྱེད་ཤུགས་ཇེ་དྲག་ཏུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། ཞིང་ཆེན་སྲིད་གཞུང་གིས«མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་སྡེ་དང་འབྲོག་ཁུལ་གྱི་ཕ་མ་གམ་ན་མེད་པའི་བྱིས་པར་སེམས་ཁུར་སྲུང་སྐྱོབ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བའི་སྐོར་གྱི་བསམ་འཆར»ཞེས་པ་གཏན་འབེབས་བཟོས་ནས་བཀྲམ། ཞིང་སྡེ་དང་འབྲོག་ཁུལ་གྱི་ཕ་མ་གམ་ན་མེད་པའི་བྱིས་པར་སེམས་ཁུར་ཞབས་ཞུའི་མ་ལག་བཙུགས་པ་བརྒྱུད་དེ། ཞིང་སྡེ་དང་འབྲོག་ཁུལ་གྱི་ཕ་མ་གམ་ན་མེད་པའི་བྱིས་པར་རོགས་རམ་སྲུང་སྐྱོབ་བྱེད་པའི་ལམ་ལུགས་དང་། ཞིང་སྡེ་དང་འབྲོག་ཁུལ་གྱི་ཕ་མ་གམ་ན་མེད་པའི་བྱིས་པའི་གནད་དོན་གྱི་མཆེད་ཁུངས་ནས་སྔོན་འགོག་ལམ་ལུགས་འཐུས་སྒོ་ཚང་བ་ཞིག་བཙུགས་ནས། མཚོ་སྔོན་གྱི་ཞིང་སྡེ་དང་འབྲོག་ཁུལ་གྱི་ཕ་མ་གམ་ན་མེད་པའི་བྱིས་པར་སེམས་ཁུར་དང་སྲུང་སྐྱོབ་བྱེད་པའི་རྣམ་པ་བཟང་བོ་ཞིག་ངང་གིས་བསྐྲུན།

རྒྱུས་ལོན་བྱུང་བ་ལྟར་ན། «བསམ་འཆར»ལས་ཁྱིམ་ཚང་ལྟ་སྐུལ་སྲུང་སྐྱོབ་ཀྱི་རང་བདག་འགན་འཁྲི་གསལ་སྟོན་བྱས་ཡོད་ཅིང་། རྫོང་དང་ཞང་། གྲོང་རྡལ་བཅས་ཀྱི་མི་དམངས་སྲིད་གཞུང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འགན་ནུས་ཀྱང་གསལ་སྟོན་བྱས་ཡོད་པས། དེས་མང་ཚོགས་ཚོགས་པའི་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས། ཆེད་ལས་སྤྱི་ཚོགས་ཀྱི་བྱ་བ་གཉེར་མཁན། དང་བླངས་པ་སོགས་ཕྱོགས་སོ་སོའི་སྟོབས་ཤུགས་ཟབ་ཞུགས་ཡོང་བར་སྐུལ་འདེད་བྱས་པར་མ་ཟད། ཕ་མ་གམ་ན་མེད་པའི་བྱིས་པའི་འཚོ་བ་དང་ལྟ་སྐུལ། སྲུང་སྐྱོབ། འཚར་ལོངས་བཅས་ཀྱི་གོ་རིམ་ཁྲོད་གནས་པའི་དཀའ་ངལ་དང་གནད་དོན་ཕན་འབྲས་ལྡན་པའི་ངང་ཐག་གཅོད་ཡག་པོ་བྱས་མཐར། སྤྱི་ཚོགས་ཡོངས་ཀྱིས་ཕ་མ་གམ་ན་མེད་པའི་བྱིས་པར་སེམས་ཁུར་སྲུང་སྐྱོབ་བྱེད་པའི་མི་ཆོས་ཀུན་སྤྱོད་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན།

དུས་མཚུངས་སུ། «བསམ་འཆར»གྱིས་ཞིང་སྡེ་དང་འབྲོག་ཁུལ་གྱི་ཕ་མ་གམ་ན་མེད་པའི་བྱིས་པར་རོགས་རེས་སྲུང་སྐྱོབ་བྱེད་པའི་ལམ་ལུགས་བཙུགས་ཡོད་ཅིང་། བསམ་འཆར་དེས་ཕྱོགས་གསུམ་གྱི་ནང་དོན་གསལ་སྟོན་བྱས་ཡོད་དེ། གཅིག་ནས་བཙན་སྦྱོར་སྙན་ཞུའི་གཙོ་གཞི་མངོན་གསལ་ཅན་དུ་བཏང་ཡོད། འཕྲལ་སྒྲུབ་ཐག་གཅོད་དང་ལྟ་སྐུལ་སྲུང་སྐྱོབ་ཐེ་གཏོགས་བྱ་བ་གསལ་སྟོན་བྱས་ཡོད། གསུམ་ནས་དབུལ་སྐྱོར་ལམ་ལུགས་ལ་དཔྱད་ཞིབ་བྱེད་ལུགས་གསལ་སྟོན་བྱས་ཡོད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།