མཚོ་སྔོན་ཞིང་ཆེན་གྱི་ཁང་རྙིང་ཁུལ་བསྒྱུར་བཀོད་ལས་གཞི་དང་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱ་བ་བདེ་བླག་ངང་སྤེལ།

        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན།  ཟླ་བཅུ་བའི་ཟླ་མཇུག་བར།  མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ཁང་རྙིང་ཁུལ་གྱི་ལེགས་བཅོས་ལས་གཞི་དང་མཁར་གྲོང་གི་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱ་བ་བདེ་བླག་ངང་སྤེལ། དེའི་ནང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་དོན་དངོས་ཐོག་སྤྱི་བའི་གླ་ཁང་འབུམ་གཉིས་དང་ཁྲི་བདུན་ལྷག་འཛུགས་སྐྲུན་བྱས་པ་དང་ནང་དུ་མི་སྡོད་ཚད་བརྒྱ་ཆའི་གྱ་གཉིས་ལྷག་ལ་སླེབས། 

         ད་ལོའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱི་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་སྡེ་ཁག་གིས་མཁར་གྲོང་སྡོད་ཁང་འགན་སྲུང་བྱ་བར་ཤུགས་ཆེན་པོས་སྐུལ་འདེད་བཏང་བ་དང་གྲོང་ཁྱེར་གྱི་ཁང་རྙིང་ཁུལ་གྱི་ལེགས་བཅོས་དང་མཁར་གྲོང་གི་འགན་སྲུང་རང་བཞིན་གྱི་སྡོད་ཁང་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་མགོ་བརྩམས་ལ། རོང་འབྲོག་མང་ཚོགས་ཀྱི་ཉེན་ཁང་དང་ཁང་རྙིང་བསྒྱུར་བཀོད་དང་མཐོ་སྒང་གི་མཛེས་པའི་ཞང་གྲོང་འཛུགས་སྐྲུན་བདེ་བླག་ངང་སྤེལ་ནས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་མངོན། ཟླ་བཅུ་བའི་ཟླ་མཇུག་བར། ཞིང་ཆེན་ཡོངས་ཀྱི་ཁང་རྙིང་ཁུལ་འཛུགས་སྐྲུན་ལས་གཞིའི་ཁྲོད་སྡོད་ཁང་ཁྲི་བདུན་ལྷག་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་དེའི་ནང་སྡོད་ཁང་ཁྲི་དྲུག་ལྷག་གཞི་རྩའི་སྟེང་འཛུགས་འགྲུབ་བྱུང་སྟེ་ཁྱིམ་ཚང་ཁྲི་དྲུག་དང་སྟོང་གཅིག་ལྷག་ནང་དུ་བསྡད་པ་དང་སོ་སོར་ལོ་རེའི་དམིགས་འབེན་གྱི་བརྒྱ་ཆའི་གོ་དྲུག་དང་བརྒྱ་ཆའི་བརྒྱ་དང་ཉེར་ལྔ། བརྒྱ་ཆའི་བརྒྱ་དང་ཉེར་གཅིག་ཡོངས་འགྲུབ་བྱས་ལ་མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཅིག་དྲུང་ཕྱུར་ལྔ་བཏང་།   །


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།