མཚོ་སྔོན་ཞིང་ཆེན་བོད་ཟས་མཐུན་ཚོགས་བཙུགས་པ་དང་སྐབས་དང་པོའི་ཚོགས་མིའི་ཚོགས་ཆེན་གནའ་མཁར་ཟི་ལིང་ནས་བསྡུས།

IMG_1213.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།(གསར་འགོད་པ། བསམ་འཕེལ་ནོར་བུ། ཚེ་རིང་རྒྱ་མཚོ།  ཟླ11པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་བོད་ཟས་མཐུན་ཚོགས་བཙུགས་པ་དང་སྐབས་དང་པོའི་ཚོགས་མིའི་ཚོགས་ཆེན་གནའ་མཁར་ཟི་ལིང་ནས་གཟབ་རྒྱས་ངང་བསྡུས། ཚོགས་ཆེན་སྟེང་མཚོ་སྔོན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཟུར་པ་ལོས་ཆིན་དང་ཞིང་ཆེན་རིག་གནས་ཐིན་གྱི་ཐིན་ཀྲང་གཞོན་པ་ཟུར་པ་སྐལ་བཟང་འབུམ། མཚོ་སྔོན་བོད་རིག་པའི་ཞིབ་འཇུག་ཚོགས་པའི་དྲུང་ཆེན་གཞོན་པ་བཤད་སྒྲུབ། ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་བཅའ་ཁྲིམས་ཁྲིམས་སྲོལ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་སོན་ཝུས་ཀྲུང་བཅས་ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་དམངས་ཁྲོད་རྩ་འཛུགས་དོ་དམ་ཅུའུ་སོགས་འབྲེལ་ཡོད་ལས་ཁུངས་ཚོགས་འདུར་ཞུགས་ཡོད་པ་མ་ཟད། མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ནས་ཐོན་པའི་བོད་ཟས་ཟ་ཁང་གི་ཁེ་ལས་པ་མང་པོ་ཐེངས་འདིའི་ཚོགས་ཆེན་སྟེང་ཞུགས། 

IMG_1228.jpg

  ལོ་ཕྱེད་རིང་ལ།  ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་དམངས་ཁྲོད་རྩ་འཛུགས་དོ་དམ་ཅུའུ་ཡིས་ཐུགས་ཁུར་དང་རྒྱབ་སྐྱོར་ཆེན་པོ་གནང་བ་དང་། བོད་ཟས་མཐུན་ཚོགས་ཀྱི་ཚོགས་མི་སོ་སོས་འབད་པ་བྱས་འོག  མཚོ་སྔོན་ཞིང་ཆེན་བོད་ཟད་མཐུན་ཚོགས་འཛུགས་པའི་གྲ་སྒྲིག་བྱ་བ་ཡོངས་སུ་ལེགས་འགྲུབ་བྱུང་བ་དང་། ཐེངས་དང་པོའི་ཚོགས་མིའི་ཚོགས་ཆེན་དངོས་སུ་བསྡུས།  མཚོ་ལྷོ་ཁུལ་གུང་ཧོ་རྫོང་དུ་བོད་ཟས་ཟ་ཁང་གཉེར་བཞིན་པའི་བདེ་སྐྱིད་བོད་ཟས་ཁང་གི་སྦྱིན་བདག་བཀྲ་ཤིས་རྒྱ་མཚོས་གསར་འགོད་པར་བཤད་རྒྱུར། བོད་ཟས་མཐུན་ཚོགས་འདི་འདྲ་བ་ཞིག་འཛུགས་དོན་ནི་སྔར་ལས་ལྷག་པར་བོད་ཟས་ལས་རིགས་གཉེར་བཞིན་པའི་ཁེ་ལས་དག་མཐུན་སྒྲིལ་དང་མཉམ་འབྲེལ་བྱས་ཏེ། ཐུན་མོང་མ་ཡིན་པའི་མཐོ་སྒང་གི་བོད་ཟས་དར་སྤེལ་བྱེད་པ་དང་།  བོད་ཟས་རིག་གནས་ཀྱི་ཁྱད་ཆོས་ལྡན་པ་དང་སྐྱེ་ཁམས་བདེ་ཐང་ཡིན་པའི་བོད་ཟས་ཚོང་རྟགས་རང་རེའི་རྒྱལ་ཁབ་ཀྱི་ཡུལ་གྲུ་སོ་སོ་གཙོ་བྱས་ནས་ཕྱི་རྒྱལ་ལ་འགྲེམ་སྤེལ་བྱེད་རྒྱུ་དེ་ཡིན།

IMG_1239.jpg

མཚོ་སྔོན་བོད་ཟས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ།  དྲུང་ཡིག་ཆེན་མོ་བཤད་སྒྲུབ་ཀྱིས་མཐུན་ཚོགས་ཀྱི་འགེལ་བྱང་དང་ལེན་བྱེད་བཞིན་པ། 

IMG_1251.jpg

མཚོ་སྔོན་བོད་ཟས་མཐུན་ཚོགས་ཀྱིས་ལས་འཛིན་ཚོགས་མིར་འགེལ་བྱང་གནང་བ། 

IMG_1303.jpg

མཚོ་སྔོན་བོད་ཟས་མཐུན་ཚོགས་ཀྱིས་ཕུལ་བྱུང་ཚོགས་མིར་འགེལ་བྱང་གནང་བ། 

IMG_1294.jpg

མཚོ་སྔོན་བོད་ཟས་མཐུན་ཚོགས་ཀྱིས་སྤྱིར་བཏང་ཚོགས་མིར་འགེལ་བྱང་གནང་བ། 

ཚོགས་ཆེན་སྟེང་། ལས་འཛིན་ཚོགས་མི་དང་། ཕུལ་བྱུང་ཚོགས་མི། སྤྱིར་བཏང་ཚོགས་མི་བཅས་ལ་མཚོ་སྔོན་ཞིང་ཆེན་བོད་ཟས་མཐུན་ཚོགས་ཀྱི་འགེལ་བྱང་གནང་བ་དང་།  མཚོ་སྔོན་ཞིང་ཆེན་བོད་ཟས་མཐུན་ཚོགས་སྐབས་དང་པོའི་རྒྱུན་ལས་ལས་འཛིན་ཚོགས་པའི་ལས་འཛིན་བདམས་ཐོན་བྱུང་།  ཚོགས་པ་འདིའི་ཚོགས་གཙོ་རྡོ་རྗེ་ཚེ་རིང་དང་ཚོགས་གཙོ་གཞོན་པ་སོ་སོར་བསོད་ནམས་མགོན་པོ་དང་བསོད་ནམས་དཔལ་ལྡན།  ཀླུ་རྒྱལ། བཙུན་ཐར་སྐྱིད། ཚེ་དབང་རིག་འཛིན། དཔལ་བཟང་། རྟ་མགྲིན་རྒྱལ། བཤད་སྒྲུབ་བཅས་ཡིན་ལ། དེ་ནང་ཚོགས་གཙོ་གཞོན་པ་བཤད་སྒྲུབ་དྲུང་ཆེན་ཏུ་བདམས་པ་དང་ཚོགས་གཙོ་གཞོན་པ་ཀླུ་རྒྱལ་དང་བསོད་ནམས་དཔལ་ལྡན་གཉིས་དྲུང་ཆེན་གཞོན་པར་བདམས།   །

B98A7420.jpg

མཚོ་སྔོན་ཞིང་ཆེན་བོད་ཟས་མཐུན་ཚོགས་བཙུགས་པ་དང་སྐབས་དང་པོའི་ཚོགས་མིའི་ཚོགས་ཆེན་སྟེང་ཞུགས་པའི་སྐུ་མགྲོན་རྣམས་མཉམ་དུ་བསྐྱོན་པའི་འདྲ་པར། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།