པད་མ་ཚེ་བརྟན་ལ་ལིན་ཅན་ལན་རྩོམ་རིག་བྱ་དགའ་ཐོབ་པ།

webwxgetmsgimg.jpg   

   ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་11པའི་9ཉིན། དེང་རབས་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པའམ་མིང་དུ་གྲགས་པའི་རྩོམ་པ་པོ་པད་མ་ཚེ་བརྟན་ལ་རྒྱལ་ཡོངས་སྐབས་གསུམ་པའི་ལིན་ཅན་ལན་སྒྲུང་ཐུང་བྱ་དགའི་རྟགས་མ་ཐོབ།                 

webwxgetmsgimg (1).jpg

      ཐེངས་འདིའི་རྩོམ་རིགས་བྱ་དགའ་ནི་《མི་དམངས་རྩོམ་རིག》རྩོམ་སྒྲིག་ཁང་དང་ཀྲེའེ་ཅང་ཝུན་ཀྲིག་གྲོང་ཁྱེར་མི་དམངས་སྲིད་གཞུང་གཉིས་ཀྱིས་ལིན་ཅན་ལན་ཕ་ཡུལ་དུ་མཉམ་དུ་བསྒྲུབས་པའི་རྩོམ་རིག་དཔྱད་བསྡུར་གྱི་བྱ་འགུལ་ཞིག་ཡིན་ལ།  སོའུ་ཐུང་།   ཝང་ཞང་ཧྥུའུ་རྣམ་གཉིས་ལ་རྒྱལ་ཡོངས་སྐབས་གསུམ་པའི་ལིན་ཅན་ལན་“རྨད་བྱུང་བརྩམས་སྒྲུང་པའི”མཚན་སྙན་གནང་ཞིང་། པད་མ་ཚེ་བརྟན་དང་། ཆིག་ཧྭ་ཏུང་།  ཧོང་ཡུང་མའེ་གསུམ་ལ“ཕུལ་བྱུང་བརྩམས་སྒྲུང་པའི”མཚན་སྙན་གནང་།                                                            

webwxgetmsgimg (2).jpg

      པད་མ་ཚེ་བརྟན་གྱི་བརྩམས་སྒྲུང་ལ་ཁོང་གི་གློག་བརྙན་བརྩམས་ཆོས་དང་འདྲ་བར་བབ་ཆགས་ཤིང་།  འཚོ་བར་བཅར་བ།  བསམ་གཞིགས་ཀྱི་མཐའ་མི་མངོན་པ།  མི་རིགས་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་པ།  རིགས་དང་ཡུལ་གྱི་མཐའ་མཚམས་ཡོལ་བ། དགའ་སྐྱོ་ཆགས་སྡང་གི་འགྱུ་བ་འགྲོ་བ་མིའི་རིགས་ཀྱི་མྱོང་བ་ལས་བཅུད་དུ་གཏམས་པའི་སྒྱུ་རྩལ་བརྩམས་ཆོས་ངོ་མཚར་ལྡན་ལ་རྒྱའི་རྩོམ་རིག་གི་མ་འོངས་འཕེལ་རྒྱས་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་ཅེས་དཔྱད་འཇོག་གནང་ཡོད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།