ཀྲུང་གོ་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་བརྗེ་རེས་ཚོགས་འདུ་སྐབས་བཅུ་བཞི་བའི་སྟེང་མཚོ་སྔོན་ཞིང་ཆེན་གྱི་ཐོན་རྫས་བཞི་ལ་གསེར་གྱི་རྟགས་མ་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། ཀྲུང་གོ་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་བརྗེ་རེས་ཚོགས་འདུ་སྐབས་བཅུ་བཞི་བ་དེ་ཉིན་བཞི་ལྷག་གི་བརྗེ་རེས་འགྲེམ་སྟོན་བརྒྱུད་མཐར་ཡུན་ནན་ཁོང་མེན་ནས་བདེ་ལེགས་ངང་མཇུག་སྒྲིལ། ཐེངས་འདིའི་འགྲེམ་སྟོན་ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་གྱི་འགྲེམ་སྟོན་ཚོགས་པར་ཆེས་ལེགས་པའི་རྩ་འཛུགས་ཀྱི་བྱ་དགའི་རྟགས་མ་ཐོབ་ལ། མཚོ་སྔོན་ཞིང་ཆེན་གྱི་ཨ་ཆེན་གངས་རྒྱབ་ཟས་རིགས་ཚད་ཡོད་ཀུང་ཟིས་ལས་སྣོན་བྱས་པའི་སྐམས་ཤ་བསྲེགས་མ་དང་མཚོ་སྔོན་ཞིང་ཆེན་ཚྭ་རྔ་འགག་སྐྱེ་ཁམས་ཆུའི་གསོ་སྤེལ་ལྟེ་གནས་ཀྱི་ཉ། མཚོ་སྔོན་འབྲི་ཆུའི་མགོ་ཁུངས་ཞིང་ཕྱུགས་ཚན་རྩལ་གསར་སྤེལ་ཀུང་ཟིའི་ལོ་དཀར་གྱི་སྣུམ། མཚོ་སྔོན་སྔོ་རྩྭའི་ཐོན་ཁུངས་ཟས་རིགས་ཚད་ཡོད་ཀུང་ཟིའི་གཙང་གསུམ་ཕྱུགས་རའི་སྐྱེ་ལྡན་སྐམས་ཤ་དང་ལུག་ཤ་བཅས་ཐུན་མོང་མ་ཡིན་པའི་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སྤུས་ལེགས་ཐོན་རྫས་བཅས་ལ་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་གནང་བའི་གསེར་གྱི་བྱ་དགའ་ཐོབ།

མཚོ་སྔོན་ཞིང་ཆེན་གྱི་འགྲེམ་སྟོན་ཚོགས་པས་མཛེས་པའི་མཚོ་སྔོན། སྐྱེ་ཁམས་ཞིང་ཕྱུགས་ཞེས་པའི་བརྗོད་གཞི་གཞིར་བཟུང་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་དེང་རབས་ཞིང་ཕྱུགས་ལས་འཛུགས་སྐྲུན་ཐད་བླངས་བའི་གཡུར་དུ་ཟ་བའི་གྲུབ་འབྲས་འགྲེམ་སྟོན་བྱས་པ་དང་གོམ་གང་མདུན་སྤོས་ཀྱིས་ཐོན་རྫས་མིང་གྲགས་ཅན་དུ་འགྱུར་བའི་ཚད་མངོན་པར་བྱས། སྣ་མང་ཕུན་སུམ་ཚོགས་པའི་སྤུས་ལེགས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ལ་ཁོང་མེན་གྲོང་ཁྱེར་གྱི་མང་ཚོགས་དང་ས་ཆ་སོ་སོའི་འགྲེམ་སྟོན་ལ་ཞུགས་པའི་ཚོང་བས་དགའ་བསུ་ཆེན་པོ་ཐོབ། འགྲེམ་སྟོན་ཚོགས་འདུའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་འགྲེམ་སྟོན་ལ་ཞུགས་པའི་ཁེ་ལས་ཀྱིས་སྡོམ་པས་ཡུལ་དངོས་ཉོ་ཚོང་གི་ཚད་སྒོར་དུང་ཕྱུར་ཙམ་ལ་སླེབས་པ་དང་དེའི་ཁྲོད་དུ་ཡུལ་དངོས་བརྗེ་རེས་ཀྱི་ཚད་སྒོར་བྱེ་བ་གཉིས་དང་ས་ཡ་ལྔ་ལ་སླེབས།

ཐེངས་འདིའི་ཀྲུང་གོ་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་འགྲེམ་སྟོན་ཚོགས་འདུས་འགྲེམ་སྟོན་དང་གྲོས་བསྡུར། ཕྱིར་འཚོང་བཅས་བྱེད་ལས་ཆེན་པོ་གསུམ་འདོན་སྤེལ་གང་ལེགས་བྱས་ནས་ཁེ་ལས་དང་ཐོན་རྫས་གཟེངས་སུ་ཐོན་པར་བྱས་པ་དང་དང་གྲོས་མོལ་དང་ཕྱིར་འཚོང་ཤུགས་ཆེར་བཏང་། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་ཚོང་རའི་ཆ་འཕྲིན་ཁྲུའུ་ཡི་ཁྲུའུ་ཀྲང་ཨུ་ཡུང་ལིས་ཀྱིས་བཤད་རྒྱུར། ཐེངས་འདིའི་ཞིང་ལས་ཐོན་རྫས་འགྲེམ་སྟོན་ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་གྱི་མིང་རྟགས་འགོད་ཚད་དང་ཕྱིར་འཚོང་གི་ཚད་ཞིང་ལས་ཐོན་རྫས་འགྲེམ་སྟོན་ཚོགས་འདུ་སྔོན་མ་དག་དང་བསྡུར་ན་ཐོད་བརྒལ་ཆེན་པོ་ཡོད་པར་མ་ཟད་སྔོན་དཔག་གི་གྲུབ་འབྲས་ལ་སླེབས། རྒྱུ་མཚན་ནི་ཐེངས་འདིའི་ཞིང་ལས་ཐོན་རྫས་འགྲེམ་སྟོན་ཚོགས་འདུའི་སྟེང་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་སྤྱི་ཅན་དང་ཆ་འཕྲིན་ཅན་མངོན་ཡོད་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་དག་ལ་སྔར་ལས་རྒྱ་ཆེ་བའི་བརྗེ་རེས་མཉམ་ལས་སྟེགས་བུ་འདོན་སྤྲོད་བྱས་པས་ང་ཚོའི་མཐོང་རྒྱ་སྔར་ལས་ཆེ་རུ་བསྐྱེད་དུ་བཅུག་པ་དང་འཕེལ་རྒྱས་འདུ་ཤེས་གསར་བསྒྱུར་བྱེད་དུ་བཅུག །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།