མཚོ་སྔོན་ཞིང་ཆེན་དང་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་གྱི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན་ནས་ཚེས་བརྒྱད་ཉིན་བར། སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་སྔོན་ལ་རྟོག་ཞིབ་བྱེད་དུ་ཡོང་ནས། ས་ཁུལ་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཁུལ་ཁོངས་བར་གྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་བྱེད་པའི་བྱ་བར་གྲོས་ཞིབ་བྱས། ཚེས་བདུན་ཉིན་གྱི་ཕྱི་དྲོར། མཚོ་སྔོན་དང་ཁྲིན་ཏུའུ་གྲོང་ཁྱེར་གྱི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས།

མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཧའོ་ཕིན། ཁྲིན་ཏུའུ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཐང་ལིང་ཀྲི་བཅས་ཀྱིས་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཀོང་རོང་གིས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཁུལ་ཁོངས་བར་གྱི་མཉམ་ལས་ལ་ཤུགས་སྣོན་པའི་འབྲེལ་ཡོད་གནས་ཚུལ་ཐད་ནས་ངོ་སྤྲོད་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་དང་། ཧྲིན་ཀྲང་གཞོན་པ་ཡཱང་ཧྥིན་ཁྲོན་གྲོས་ཚོགས་ལ་ཞུགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཀྲུང་ཡིག་ཆེན་མོ་ཝང་ཡུས་པོ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཝང་གོ་ཧྲིན་གྱིས་གཏམ་བཤད་སྐབས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཏང་སྲིད་འཐུས་ཚབ་ཚོགས་པར་དགའ་བསུ་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་དང་སི་ཁྲོན་ཞིང་ཆེན་གཉིས་ཀ་མེས་རྒྱལ་གྱི་ནུབ་རྒྱུད་དུ་ཡོད་པ་དང་། རི་ཆུ་འདྲེས་ཤིང་འགྲོ་འོང་དམ་ཟབ་ཡོད། རང་རྒྱལ་ནུབ་རྒྱུད་ས་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་གལ་ཆེན་ཡིན་པའི་ཆ་ནས། ཁྲིན་ཏུའུ་གྲོང་ཁྱེར་གྱིས་ཧུར་ཐག་གིས་དྲ་རྒྱའི་གྲོང་ཁྱེར་ཚོགས་དང་གྲོང་ཁྱེར་ཆེན་པོ་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་འཛུགས་སྐྲུན་བྱེད་པ་དང་། འགོ་ཚུགས་ས་གསར་བའི་སྟེང་ནས་མཆོང་བསྐྱོད་གསར་མངོན་འགྱུར་བྱས་པས། ང་ཚོས་ཁྲིན་ཏུའུ་ཡི་བསམ་ལམ་གསར་བ་དང་ཉམས་མྱོང་བཟང་བོ། བྱེད་ཐབས་བཟང་བོ་སློབ་སྦྱོང་དང་དཔེ་ལྟར་བྱས་ཏེ། མཚོ་སྔོན་གྱི་བྱ་བ་སྔར་ལས་བཟང་བོ་བསྒྲུབ་པར་འབད་བརྩོན་བྱེད་དགོས་ཟེར།

ཝང་གོ་ཧྲིན་གྱིས་བཤད་རྒྱུར། མིག་སྔར། མཚོ་སྔོན་གོང་འོག་ཡོངས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་བཞིན་པའི་སྒང་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་བཏོན་པའི་ནན་ནན་ཏིག་ཏིག་བཞིའི་རེ་བ་ཆེན་པོ་ལག་བསྟར་ནན་མོ་བྱེད་པ་དང་། ཧུར་ཐག་གིས་རྒྱལ་ཁབ་ཀྱི་རྒྱུད་གཅིག་ལམ་གཅིག་དང་འབྲི་ཆུའི་དཔལ་འབྱོར་ཁུལ་འཐབ་ཇུས་ཁྲོད་འདྲེས་པར་བྱས་པས། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་བླངས་པ་དང་། དཔལ་འབྱོར་འཁོར་རྒྱུག་ཐད་ནས་བརྟན་བརླིང་དང་འཕར་སྣོན། ཇེ་བཟང་དུ་འགྲོ་བའི་རྣམ་པ་མངོན་ཡོད། དེ་དང་མཉམ་དུ། ང་ཚོས་ཀྲུང་དབྱང་གིས་བཏོན་པའི་མཚོ་སྔོན་ཞིང་ཆེན་གྱི་བོད་ཁུལ་ལ་རོགས་སྐྱོར་བྱེད་པའི་འཐབ་ཇུས་ཆེན་པོའི་གོ་སྐབས་དམ་འཛིན་བྱེད་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་བར་གྱི་ཐོན་ལས་སྦྲེལ་མཐུད་དང་ལས་གཞི་མཉམ་ལས་ཤུགས་བསྣན་ནས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་དེ་མཚོ་སྔོན་འཕེལ་རྒྱས་སུ་གཏོང་བའི་ཐོད་བརྒལ་བྱེད་ས་དང་ཕྱི་ཕྱོགས་སྒོ་འབྱེད་བྱེད་པའི་སྒེའུ་ཁུང་དུ་གྱུར་བྱེད་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་དེ་ཁྱོན་ཡོངས་ནས་ འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཧའོ་ཕིན་གྱིས་གཏམ་བཤད་སྐབས་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཉེ་བའི་ལོ་འགའི་རིང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་བརྩི་འཇོག་ཡིད་སྨོན་བྱེད་པའི་ཚུལ་བསྟན། ཁོས་བཤད་རྒྱུར། ཐེངས་འདིར་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་རྟོག་ཞིབ་བྱེད་དུ་ཡོང་བ་དེ། ས་གཉིས་ཀྱི་འཕེལ་རྒྱས་དང་། རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན། མིག་སྔར། མཚོ་སྔོན་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་གནད་འགག་དུས་རིམ་དུ་སླེབས་ཡོད་པས། ང་ཚོས་མཚོ་བོད་མཐོ་སྒང་གི་སྙིང་སྟོབས་དར་སྤེལ་དུ་གཏོང་བ་དང་། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱེད་དགོས་ལ། བཅོས་བསྒྱུར་སྒོ་འབྱེད་ཀྱི་སྙིང་སྟོབས་ཁྱེར་ནས་སྤུན་ཟླ་ཞིང་ཆེན་དང་ལྷག་པར་དུ་སི་ཁྲོན་དང་ཁྲིན་ཏུའུ་བར་གྱི་བརྗེ་རེས་མཉམ་ལས་སྔར་ལས་ཤུགས་སྣོན་དགོས་ཟེར།

ཐང་ལིང་ཀྲི་ཡིས་བཤད་རྒྱུར། སི་ཁྲོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིན་གྱི་མངག་བཅོལ་ལྟར་དུ། ང་ཚོས་སློབ་སྦྱོང་དང་ཉམས་མྱོང་བསྡུ་ལེན། མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་འདུན་པ་ཁྱེར་ནས་མཛེས་སྡུག་གི་མཚོ་སྔོན་དུ་རྟོག་ཞིབ་དང་སློབ་སྦྱོང་བྱེད་དུ་ཡོང་བ་ཡིན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་གོ་སྐབས་དམ་འཛིན་བྱས་ནས། འཕེལ་རྒྱས་གྲུབ་འབྲས་མི་དམན་པ་བླངས་པ་དང་། ཐོན་ལས་སྐྱེད་སྲིང་དང་ལྗང་མདོག་འཕེལ་རྒྱས། རྨང་གཞི་སྒྲིག་ཆས། དམངས་ཚིས་འགན་སྲུང་སོགས་ཕྱོགས་ཀྱི་ཉམས་མྱོང་བཟང་བོར་ང་ཚོས་སློབ་སྦྱོང་བྱེད་འོས་ཟེར།
ཚོགས་འདུ་གྲོལ་རྗེས། མཚོ་སྔོན་ཞིང་ཆེན་གྱིས་ཁྲིན་ཏུའུ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་བར་དུ་མཉམ་ལས་བརྗེད་ཐོ་བཞི་དང་མཉམ་ལས་གྲོས་མཐུན་དྲུག་བཀོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།