མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་ཡོན་གནས་འཛིན་གྲྭ་སྐབས་དང་པོ་འགོ་ཚུགས་པ།

1.jpg

མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་ཡོན་གནས་འཛིན་གྲྭ་སྐབས་དང་པོ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། ཚེ་མཁར་རྒྱལ།) 2016ལོའི་ཟླ11པའི་ཚེས7ཉིན།  མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་ཡོན་གནས་འཛིན་གྲྭ་སྐབས་དང་པོ་རྒྱལ་ཁའི་ངང་འགོ་ཚུགས་པ་དང་། ཐེངས་འདིའི་སློབ་ཚུགས་མཛད་སྒོའི་སྟེང་དུ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཨ་ལགས་རིན་ཆེན་རྣམ་རྒྱལ་དང་། ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཏང་ཨུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ལུའོ་བུན་ཧྲོན།  མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་བསྒྲིགས་འཛུགས་བྱ་བའི་ཚན་ཆུང་གི་ཚན་གཙོ།ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་སྐོར་ཞིབ་པ་དཀོན་མཆོག   ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་ཀྲང་ཙུང་ཧྲིག  ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་བོད་ཁུལ་བྱ་བའི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ལོ་སྟག་ལྷ། འཐབ་ཕྱོགས་གཅིག་གྱུར་པུའུ་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཧྥན་རོན་ཡོན་བཅས་ཞིང་ཆེན་མགོ་ཁྲིད་བློ་མཐུན་ཚོགས་སྟེང་དུ་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་། 

webwxgetmsgimg (9).jpg

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཨ་ལགས་རིན་ཆེན་རྣམ་རྒྱལ་གྱིས་གསུང་བཤད་གནང་བཞིན་པ།

webwxgetmsgimg (11).jpg

ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཏང་ཨུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ལུའོ་བུན་ཧྲོན་གྱིས་གསུང་བཤད་གནང་བཞིན་པ།

སློབ་ཚུགས་མཛད་སྒོ་ལ་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་རྒྱུན་ལས་སློབ་གཙོ་གཞོན་པ་ཚེ་དབང་ཐར་གྱིས་འགོ་འཛིན་བྱས་ཤིང་། གསར་ཞུགས་སློབ་མ་བརྒྱ་དང་ཉི་ཤུ་དང་དགེ་བའི་བཤེས་གཉེན་ཆེན་མོ་བདུན། ལས་བཟོ་པ་ཡོངས། ཞིང་ཆེན་དང་ས་གནས་སོ་སོའི་སྨྱན་བྱད་ལས་ཁག་སོགས་ཚོགས་སྟེང་དུ་ཞུགས། 

webwxgetmsgimg (5).jpg

 ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཨ་ལགས་རིན་ཆེན་རྣམ་རྒྱལ་དང་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཏང་ཨུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ལོའོ་བུན་ཧྲོན་རྣམ་གཉིས་ཀྱིས་སློབ་གླིང་འདིའི་ཡོན་གནས་འཛིན་གྲྭ་སྐབས་དང་པོ་བསྡུས་པར་རྟེན་འབྲེལ་གྱི་ཤིས་བརྗོད་གནང་བ་དང་སློབ་གླིང་འདི་བསྒྲུབས་པའི་དགོས་གལ་རང་བཞིན་དང་། མ་འོངས་སློབ་གླིང་གི་སློབ་སྒྲུབ་རེ་བ། སློབ་མའི་སློབ་གཉེར་གྱི་དམིགས་འདུན། རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློ་སྒྲིག་འཛུགས་དང་། རིག་གནས་ཀྱི་ཡོན་ཏན་གྱིས་ཕྱུག་པའི་གྲྭ་བཙུན་སྐྱེད་སྲིང་། སྤྱི་ཚོགས་ཡར་སྐུལ་དང་འཆམ་མཐུན་འཛུགས་སྐུན་ལ་འགན་ནུས་ཐོན་པའི་ཆོས་ལུགས་མི་སྣ་སྐྱེད་སྲིང་བྱ་དགོས་པའི་གླེང་བྱ་གལ་ཆེན་བཏོན།

3.jpg

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།