ཐེན་ཅིན་དང་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་མཉམ་ལས་བཞུགས་མོལ་ཚོགས་འདུ་ཐེན་ཅིན་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན་ནས་ཚེས་གསུམ་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཐེན་ཅིན་དུ་སོང་ནས་སློབ་སྦྱོང་དང་རྟོག་ཞིབ་བྱས། ཚེས་གཉིས་ཉིན་གྱི་སྔ་དྲོར། ཐེན་ཅེན་དང་མཚོ་སྔོན་བར་གྱི་ཁ་གཏད་རོགས་སྐྱོར་མཉམ་ལས་བཞུགས་མོལ་ཚོགས་འདུ་ཐེན་ཅིན་གྲོང་ཁྱེར་ནས་ཚོགས། ཐེན་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ལིས་ཧོང་ཀྲུང་གིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་གཏམ་བཤད། ཐེན་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཚབ་བསྐོས་ཧྲི་ཀྲང་ཝང་ཏུང་ཧྥིན་དང་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཧའོ་ཕིན་གཉིས་ཀྱིས་སོ་སོར་མཚོ་སྔོན་ཞིང་ཆེན་དང་ཐེན་ཅིན་གྲོང་ཁྱེར་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་ཐད་ནས་ངོ་སྤྲོད་བྱས།

ལིས་ཧོང་ཀྲུང་གིས་ཐེན་ཅིན་གྲོང་ཁྱེར་ཏང་ཨུ་དང་། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་ཡོངས་ཀྱི་མི་དམངས་བཅས་ཀྱི་ཚབ་བྱས་ཏེ་མཚོ་སྔོན་གྱི་འཐུས་ཚབ་ཚོགས་པ་ཐེན་ཅིན་དུ་སློབ་སྦྱོང་རྟོག་ཞིབ་བྱེད་དུ་ཡོང་བར་དགའ་བསུ་ཞུས། ཁོས་བཤད་རྒྱུར། ཐེན་ཅིན་དང་མཚོ་སྔོན་གཉིས་ཀྱི་བར་ཐག་རིང་ན་ཡང་། ཁ་གཏད་རོགས་སྐྱོར་གྱིས་ང་ཚོའི་སེམས་པ་ཕྱོགས་གཅིག་ཏུ་སྦྲེལ་ཡོད་པ་དང་། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ང་ཚོར་སྤྲད་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་འགན་ལག་བསྟར་བཟང་བོ་བྱེད་རྒྱུ་ནི། ང་ཚོ་ཐུན་མོང་གི་ཆབ་སྲིད་འགན་འཁྲི་ཡིན། ལོ་ངོ་མང་པོའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་སྣེ་ཁྲིད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤུས་ལེགས་ཆུ་ཁུངས་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་ཆེན་པོ་བཞག་ཡོད་པ་དང་། ཐེན་ཅིན་གྱིས་མཚོ་སྔོན་གྱིས་རོགས་སྐྱོར་དང་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ལ། ལྷག་པར་དུ་རང་བྱུང་ཆ་རྐྱེན་ངན་པར་ཁ་གཏད་དེ། མཚོ་སྔོན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་འགན་ནུས་ནན་སྲུང་བྱེད་པའི་གཏོང་ཕོད་ཀྱི་སྙིང་སྟོབས་ལ་ང་ཚོས་སློབ་སྦྱོང་བྱེད་འོས། ས་གནས་གཉིས་ཀྱི་མི་དམངས་བར་གྱི་བརྩེ་སེམས་ཧ་ཅང་ཟབ་པ་དང་། ང་ཚོས་དེ་སྒུལ་ཤུགས་སུ་བྱས་ནས། ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། སྐབས་རེ་རེའི་ཐེན་ཅིན་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཕུལ་བྱུང་གོམས་སྲོལ་རྒྱུན་འཛིན་བྱས་ཏེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་ཡིན་ཟེར།

ཝང་གོ་ཧྲིན་གྱིས་གཏམ་བཤད་སྐབས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་དམངས་བཅས་ཀྱི་ཚབ་བྱས་ཏེ། ཐེན་ཅིན་གྱིས་ལོ་ངོ་མང་པོའི་རིང་མཚོ་སྔོན་ལ་རོགས་སྐྱོར་ཤུགས་ཆེན་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཐེན་ཅིན་དང་མཚོ་སྔོན་གཉིས་ཀྱི་བར་ཐག་རིང་ན་ཡང་། ས་གནས་གཉིས་ཀྱི་མི་དམངས་བར་དུ་སྤུན་ཟླ་ལྟ་བུའི་བརྩེ་སེམས་ཟབ་མོ་ཡོད། 2010ལོར་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོའི་ཚུན་ནས། ཐེན་ཅིན་གྲོང་ཁྱེར་གྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་དགུ་བཏང་སྟེ། རིགས་མི་འདྲ་བའི་ལས་གཞི་བརྒྱ་དང་བཅུ་དགུ་ལག་བསྟར་བྱས་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་སྐོར་ཐེངས་རེ་རེས་དགེ་མཚན་འདོན་སྤེལ་བྱས་ནས། དོན་བཟང་མང་པོ་བསྒྲུབས། ལྷག་པར་དུ་ཐེན་ཅིན་གྱིས་དམངས་ཚིས་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་དེ་འབུར་ཐོན་གོ་གནས་སུ་བཞག་སྟེ། ཐེན་ཅིན་ནས་རྨ་ལྷོ་མཐོ་འབྲིང་འཛིན་གྲྭ་དང་འབྲིང་རིམ་ལས་རིགས་འཛིན་གྲྭ་བཙུགས་པ་དང་། ཆེད་ལས་སྨན་བཅོས་ཞབས་ཞུ་ཚོགས་པ་མངགས་ནས་སྐོར་སྐྱོད་སྨན་བཅོས་བྱེད་པ་སོགས་བྱས་ཏེ། རྨ་ལྷོ་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ལ་ཕན་ཁེ་མང་པོ་བསྐྲུན། ཐེན་ཅིན་གྱིས་རོགས་སྐྱོར་བྱས་པ་བརྒྱུད་དེ་མཐོ་སྒང་གི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་བརྟན་པོ་དང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ལམ་ལུགས་དགེ་མཚན་མྱངས་ཐུབ་པ་མ་ཟད། མེས་རྒྱལ་ཁྱིམ་ཚང་ཆེན་མོའི་དྲོད་ཁོལ་ཉམས་སུ་མྱོང་ཐུབ་པ་བྱུང་ཟེར།

བཞུགས་མོལ་ཚོགས་འདུ་གྲོལ་རྗེས། མཚོ་སྔོན་ཞིང་ཆེན་དང་ཐེན་ཅིན་གྲོང་ཁྱེར་གྱི་མགོ་ཁྲིད་ཀྱིས་ཐེན་ཅིན་གྲོང་ཁྱེར་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་སྐོར་ཁག་དང་པོ་དང་སྐོར་ཁག་གཉིས་པའི་མགོ་ཁྲིད་པར་འཚམས་འདྲི་བྱས།

ཐེན་ཅིན་གྲོང་ཁྱེར་གྱི་མགོ་ཁྲིད་ཡིན་ཏིག་མིན་དང་ཁྲིན་ཆིས་ཧྲིན། ལིས་ཧྲུའུ་ཆི། མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཝང་ཡུས་པོ་དང་ཧུའུ་ཁྲང་ཧྲིན། ཡཱང་ཧྥུན་ཁྲུན་བཅས་གོང་གི་བྱ་འགུལ་ལ་ཞུགས།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།