ཧྲན་ཏུང་དང་མཚོ་སྔོན་བར་གྱི་ཁ་གཏད་རོགས་སྐྱོར་མཉམ་ལས་བཞུགས་མོལ་ཚོགས་འདུ་ཅི་ནན་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་སུམ་ཅུ་ཉིན་ནས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཧྲན་ཏུང་དུ་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་སོང་། ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་གྱི་ཕྱི་དྲོ། ཧྲན་ཏུང་དང་མཚོ་སྔོན་བར་གྱི་ཁ་གཏད་རོགས་སྐྱོར་མཉམ་ལས་བཞུགས་མོལ་ཚོགས་འདུ་ཅི་ནན་གྲོང་ཁྱེར་ནས་ཚོགས། ཧྲན་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཅཱང་དབྱི་ཁང་གིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་གཏམ་བཤད། ཧྲན་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་གོ་ཧྲུའུ་ཆིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཧའོ་ཕིན་གཉིས་ཀྱིས་སོ་སོར་ཞིང་ཆེན་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་གནས་ཚུལ་ངོ་སྤྲོད་བྱས།

ཅཱང་དབྱི་ཁང་གིས་ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པར་དགའ་བསུ་ཞུས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་རིང་བོར་ཧྲན་ཏུང་གི་བྱ་བར་རྒྱབ་སྐྱོར་དང་ཧྲན་ཏུང་ཞིང་ཆེན་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པར་སེམས་ཁུར་དང་གཅེས་སྤྲས་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། རླབས་ཆེན་གྱི་མ་ཡུམ་ཆུ་བོས་ཞིང་ཆེན་གཉིས་བར་གྱི་མཛའ་བརྩེ་ཟབ་མོ་གསོ་སྐྱོང་བྱས་པ་དང་། ཐེངས་འདིར་འཐུས་ཚབ་ཚོགས་པ་ཧྲན་ཏུང་ལ་རྟོག་ཞིབ་བྱེད་པར་ཡོང་བ་དེས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཧྲན་ཏུང་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་མཚོན་ཐུབ་ལ། ང་ཚོར་སློབ་སྦྱོང་གི་གོ་སྐབས་རྩ་ཆེན་ཞིག་ཀྱང་འདོན་སྤྲོད་བྱས། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། ཚན་རིག་དང་མཐུན་པར་འཕེལ་རྒྱས་སུ་གཏོང་བ། དར་གོས་ཚོང་ལམ་གྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ཁྲོད་འདྲེས་པར་བྱེད་པ་སོགས་ཀྱི་ཐད་ནས་བྱ་བ་མང་པོ་བསྒྲུབས་པས། གྲུབ་འབྲས་མི་དམན་པ་བླངས། ཧྲན་ཏུང་ཞིང་ཆེན་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པས་མཚོ་སྔོན་དུ་བྱ་བ་སྒྲུབ་པའི་སྐབས་སུ་མཚོ་སྔོན་ཞིང་ཆེན་གྱི་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་ཐོབ་པ་མ་ཟད། སློབ་གསོ་དང་སྦྱོང་བརྡར་ཐོབ། མཚོ་སྔོན་ཞིང་ཆེན་གྱི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ། མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་བློ་རྩ་བརྟན་པོ་དང་གསར་གཏོད་རིགས་ལམ། ཕུལ་བྱུང་ཀུན་སྤྱོད་བཅས་ལ་ང་ཚོས་སློབ་སྦྱོང་དང་དཔེ་ལྟ་བྱེད་འོས་ཟེར།

ཝང་གོ་ཧྲིན་གྱིས་གཏམ་བཤད་སྐབས་ཐོག་མར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཚབ་བྱས་ཏེ། ཧྲན་ཏུང་ཞིང་ཆེན་གྱིས་མཚོ་སྔོན་ལ་རྒྱབ་སྐྱོར་ཤུགས་ཆེན་དང་རོགས་རམ་ཆེན་པོ་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། 2010ལོར་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བ་འི་ཚུན་ནས། ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཁོག་འཐབ་ཇུས་ཀྱི་མཐོ་ཚད་དུ་འགྲེང་ནས། ཡུན་རིང་གི་ཁ་གཏད་རོགས་སྐྱོར་རྐྱེན་སྲོལ་བཙུགས་པ་མ་ཟད། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ། ལོ་དྲུག་ནང་། ཧྲན་ཏུང་ཞིང་ཆེན་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་དུང་ཕྱུར་དགུ་བཏང་སྟེ། ལས་གཞི་གྱ་གསུམ་ལག་བསྟར་བྱས་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་དྲུག་ཅུ་དང་ཆེད་ལས་ལག་རྩལ་མི་སྣ་བཞི་བརྒྱ་དང་སོ་གཅིག་མངགས་ནས། མཚོ་བྱང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱས་ཟེར།

ཝང་གོ་ཧྲིན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཧྲན་ཏུང་གིས་འཕེལ་རྒྱས་གསར་བའི་འདུ་ཤེས་བཅངས་པ་དང་ལག་བསྟར་བྱས་པས། ཐོན་ལས་ཚུལ་བསྒྱུར་རིམ་སྤོར་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར། རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དང་དོ་དམ། གནས་སྐོར་རིག་གནས་ཞིང་ཆེན་མིང་གྲགས་ཅན་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཕྱོགས་ནས་མདུན་གྲས་སུ་བསྐྱོད་པ་དང་། འཕེལ་རྒྱས་མདུན་ལྗོངས་རྒྱ་ཆེ། མིག་སྔར། མཚོ་སྔོན་གྱི་གོང་འོག་ཡོངས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པའི་འདུ་ཤེས་ཀྱིས་དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བ་དང་། ནན་ནན་ཏིག་ཏིག་བཞིའི་རེ་བ་ཆེན་པོ་བཞི་ལག་བསྟར་ནན་མོ་བྱེད་བཞིན་པའི་སྒང་ཡིན་པས། ང་ཚོས་ཤར་ནུབ་རྒྱུད་མཉམ་ལས་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཧྲན་ཏུང་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། སྐྱེ་ཁམས་གནས་སྐོར་དང་གནད་ཕིགས་དབུལ་སྐྱར། ཁྱད་ཆོས་ཐོན་ཁུངས་གསར་སྤེལ། གཞི་གྲངས་ཆེན་པོའི་སྤྲིན་རྩིས་སོགས་ཐད་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ལྷག་པར་དུ་རྒྱལ་གཅེས་རིང་ལུགས་སློབ་གསོ་རྟེན་གཞི་ཉིང་རྡུལ་མཁར་གྲོང་འཛུགས་སྐྲུན་བྱེད་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ། རིག་སྟོབས་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྟེང་ནས་མཉམ་ལས་དང་རྒྱབ་སྐྱོར་བྱེད་པར་ཤུགས་བསྣན་ནས། ཞིང་ཆེན་གཉིས་བར་གྱི་མཉམ་ལས་བརྗེ་རེས་ཀྱི་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས་ཟེར།

བཞུགས་མོལ་ཚོགས་འདུའི་སྟེང་། གོ་ཧྲུའུ་ཆིན་དང་ཧའོ་ཕིན་གཉིས་ཀྱིས་སོ་སོར་ཞིང་ཆེན་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་གནས་ཚུལ་དང་། ཧྲན་ཏུང་དང་མཚོ་སྔོན་བར་གྱི་ཁ་གཏད་རོགས་སྐྱོར་བྱ་བ་སྤེལ་བའི་གནས་ཚུལ་ཐད་ནས་ངོ་སྤྲོད་བྱས་པ་མ་ཟད། ཁ་གཏད་རོགས་སྐྱོར་བྱ་བ་སྔར་ལས་བཟང་བོར་སྤེལ་བ་དང་། ཧྲན་ཏུང་དང་མཚོ་སྔོན་བར་གྱི་མཉམ་ལས་བརྗེ་རེས་ལ་ཤུགས་སྣོན་པའི་ཐད་ནས་གྲོས་གཞི་བཏོན།

ཧྲན་ཏུང་ཞིང་ཆེན་གྱི་མགོ་ཁྲིད་ཀུང་ཀྲིན་དང་སུང་ཝེ། ཡཱང་ཆི་མིན། ཡུས་ཞའོ་མིན། མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཝང་ཡུས་པོ་དང་། ཧུའུ་ཁྲང་ཧྲིན། ཡཱང་ཧྥུན་ཁྲུན་བཅས་གོང་གི་བྱ་འགུལ་ལ་ཞུགས།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།