ཀོས་ནན་རྫོང་གིས་ཞིང་ཕྱུགས་ལས་ས་ཁུལ་གྱི་འཐུང་ཆུའི་བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2016ལོའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གི་ཞིང་སྡེ་དང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་འདེགས་བཟོ་སྐྲུན་དེ་ཀོས་ནན་རྫོང་མགོ་མང་གྲོང་རྡལ་དང་སུམ་མདོ་གྲོང་རྡལ། ཐར་ཤུལ་ཞང་བཅས་ནས་ལག་བསྟར་བྱས་པ་དང་། གཙོ་བོར་ཆུ་འདྲེན་སྦུག་ལམ་གསུམ་དང་ཞིག་གསོ་བསྒྱུར་སྐྲུན་ཆུ་འདྲེན་སྦུག་ལམ་བཞི། ཆུ་གསོག་རྫིང་བུ་གཅིག་དང་གློག་སྐུད་དང་ལྕགས་མདོང་སྟོང་རྨིད་ཞེ་བཞི་ལྷག་བཅས་གསར་སྣོན་བྱས་པ་དང་། སྟེམ་སྒོ་ཅན་གྱི་དོང་ཆུ་ཞེ་དགུ་དང་གནོན་འཕྲི་དོང་ཆུ་བརྒྱད་སོགས་གསར་འཛུགས་བྱས་ཤིང་། བཟོ་སྐྲུན་སྤྱིའི་མ་དངུལ་སྒོར་ས་ཡ་བཞི་དང་འབུམ་གཉིས་ཁྲི་གཉིས་བཏང་། བཟོ་སྐྲུན་ལེགས་འགྲུབ་བྱུང་རྗེས་མགོ་མང་གྲོང་རྡལ་དང་སུམ་མདོ་གྲོང་རྡལ། ཐར་ཤུལ་ཞང་བཅས་ས་ཁུལ་གྱི་ཁྱིམ་ཚང་སྟོང་གཅིག་ཉིས་བརྒྱ་ང་བཞིའི་མི་གྲངས་སྟོང་ལྔ་དང་ལྔ་བརྒྱ་བརྒྱད་ཅུ་དང་ཕྱུགས་ཟོག་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ས་ཡ་བརྒྱད་འབུམ་དྲུག་ཁྲི་དྲུག་གི་འཐུང་ཆུའི་གནད་དོན་ཐག་གཅོད་ཐུབ་ལ། དེའི་ནང་ཁྱིམ་ཚང་ནང་ལ་ཆུ་མཁོ་སྤྲོད་བྱེད་པའི་རྣམ་པས་སྨར་ཁམས་སྡེ་བ་དང་ཐར་ཤུལ་སྡེ་བ་སོགས་ཀྱི་དཀའ་ངལ་ཆེ་བའི་མི་སྟོང་གཅིག་དང་བརྒྱ་དང་དོན་གསུམ་གྱི་འཐུང་ཆུའི་གནད་དོན་ཐག་གཅོད་ཐུབ།

བཟོ་སྐྲུན་འདི་2016ལོའི་ཟླ་9བའི་ཚེས་29ཉིན་ལས་འགོ་རྩོམ་རྒྱུ་ཡིན་པ་དང་། མིག་སྔའི་བར་དུ། མ་དངུལ་སྒོར་འབུམ་བཞི་དང་ཁྲི་ལྔ་ཡོངས་འགྲུབ་བྱས་ཡོད་ལ། གཙོ་བོ་ཆུ་འདྲེན་སྦུག་ལམ་སྤྱི་ལེ་དྲུག་དང་གྲངས་ཆུང་གཅིག་བཏིངས་པ་རེད། 

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།