ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་མ་དངུལ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་ལྔ་ལྷག་བཏང་ནས་ཧི་ནན་རྫོང་གི་ཡུལ་གཞན་གནས་སྤོར་དབུལ་སྐྱོར་ལ་རོགས་རམ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཡུལ་གཞན་གནས་སྤོར་དབུལ་སྐྱོར་གྱི་དུས་ཡུན་རིང་འབྲིང་གི་བསྐྱི་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་ལྔ་མཁོ་སྤྲོད་བྱས་ནས་ཧི་ནན་རྫོང་གི་ཡུལ་གཞན་གནས་སྤོར་དབུལ་སྐྱོར་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་རྫོང་དེའི་དབུལ་སྐྱོར་གནས་སྤོར་ཁྱིམ་ཚང་དགུ་བརྒྱ་བཅུ་བཞི་དང་མི་སྟོང་གསུམ་དང་དྲུག་བརྒྱ་བཅུ་དྲུག་ཚང་མ་ཧི་ནན་རྫོང་གི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཡུལ་གཞན་གནས་སྤོར་དབུལ་སྐྱོར་འཆར་གཞིའི་ཁྲོད་བཞག

ཉིས་སྟོང་བཅུ་དྲུག་ལོའི་མཚོ་སྔོན་ལྷོ་ཕྱོགས་ཀྱི་དབུལ་ཐར་བྱེད་པའི་རྫོང་དང་པོ་ཡིན་པའི་ཆ་ནས་ཧི་ནན་རྫོང་གི་དབུལ་ཕོངས་ཀྱི་ཚད་མཐོ་བ་དང་དབུལ་ཐར་བྱེད་པར་དཀའ་གནད་ཅུང་ཆེ་བ། དབུལ་སྐྱོར་འཐབ་ཕྱོགས་རིང་ལ་དབུལ་ཐར་མ་གནས་མཐོ། ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་ཡིད་རྟོན་དངུལ་བུན་འཇོག་པའི་བྱེད་ཐབས་བརྒྱུད་དེ་སྡོད་ཁང་དང་ཁོངས་གཏོགས་སྒྲིག་ཆས་འཛུགས་སྐྲུན་བྱས་ནས་ཡུལ་གཞན་གནས་སྤོར་མང་ཚོགས་ལ་སྡོད་ཁང་གི་ཆ་རྐྱེན་བསྐྲུན་པ་དང་། གཞུང་ལམ་དང་སྐོམ་ཆུའི་བཟོ་གྲྭ ཞིང་ཁའི་ཆུ་བེད་འཛུགས་སྐྲུན་བྱས་ཤིང་གཞི་རྩའི་ས་ཞིང་དང་སློབ་གྲྭ འཕྲོད་བསྟེན་ཁང་སོགས་རྨང་གཞིའི་སྒྲིག་ཆས་གསར་སྤེལ་དང་ལེགས་སྒྲིག་བྱས་ནས་ནུས་ཡོད་སྒོས་ཁོར་ཡུག་མི་ལེགས་པའི་ས་ཁུལ་ན་གནས་པའི་དབུལ་ཕོངས་མང་ཚོགས་ཀྱི་ཁོར་ཡུག་ཆ་རྐྱེན་ལེགས་བཅོས་བྱས་ཏེ་རི་ཁུལ་ན་གནས་པའི་དབུལ་ཕོངས་མང་ཚོགས་དབུལ་ཐར་བྱེད་པར་ནུས་པ་གལ་ཆེན་བཏོན།

རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་ཡུལ་གཞན་གནས་སྤོར་དབུལ་སྐྱོར་བསྐྱི་དངུལ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་ལྔ་བྱེ་བ་བརྒྱད་ས་ཡ་དགུར་ཞིབ་བཤེར་བྱས་ཏེ་ཆོག་མཆན་བཀོད་པ་དང་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་གཉིས་ས་ཡ་གསུམ་མཁོ་སྤྲོད་བྱས།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།