ཁྲི་ཀ་རྫོང་རོང་འབྲོག་མི་དམངས་ཀྱི་ཆེད་ལས་མཉམ་ལས་ཁང་མྱུར་དུ་འཕེལ་རྒྱས་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། ཁྲི་ཀ་རྫོང་གིས་ཞིང་ཆེན་ཡོངས་ཀྱིས་ཤུགས་ཆེན་པོས་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་གཏོང་བཞིན་པའི་གོ་སྐབས་ལེགས་པོ་དམ་འཛིན་བྱས་ཏེ་སྒྲིག་གཞི་བཅོས་སྒྲིག་གཙོ་བོ་དང་ཚན་རྩལ་ཞབས་ཞུས་རམས་འདེགས།  ཧུར་ཐག་གིས་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་རྣམ་པ་བཅོས་བསྒྱུར་བྱས་ཏེ་ཆེད་ལས་མཉམ་ལས་ཁང་གིས་གྲངས་ཀ་འཕེལ་བའི་རྣམ་པ་དེ་གྲངས་ཀ་དང་སྤུས་ཚད་གཉིས་ཀ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་དང་ཐོན་སྐྱེད་མཉམ་ལས་གཙོར་འཛིན་པ་ལས་ཐོན་སྐྱེད་དང་ཕྱིར་འཚོང་གཅིག་ཅན་དུ་བཏང་ནས་གཉེར་བར་ལེགས་བཅོས་བྱས།  མིག་སྔར་རྫོང་ཡོངས་ལ་བསྡོམས་པས་ཆེད་ལས་མཉམ་ལས་ཁང293དང་ཁོངས་མི2155།  ཐོ་འགོད་མ་དངུལ་སྒོར་དུང་ཕྱུར4.09ཡོད་པ་དང་འདེབས་འཛུགས་དང་གསོ་སྤེལ།  ཞབས་ཞུ་སོགས་ལས་རིགས་མང་པོའི་ཁྱབ་ཁོངས་དང་འབྲེལ་ཡོད་ཅིང་།  རྫོང་ཡོངས་ཀྱི་ཞིང་ཕྱུགས་ལས་ཐོན་སྐྱེད་ཀྱི་རྣམ་པ་གསར་བའི་ལས་གཉེར་གྱི་གྲུབ་ཆ་གཙོ་བོར་གྱུར་ཡོད།  ཁྲི་ཀའི་སེ་པན་དང་ལི་ཡུ་རིང་། བལ་སེ་བཅས་ཐོན་རྫས་གསུམ་ནི་རྒྱལ་ཁབ་གྱིས་རྒྱལ་ཁབ་ས་གནས་ཚོང་རྟགས་སུ་འདེམས་ཡོད་པ་དང་།  ཀུའེ་ཧྲུན་ཡོན་བྱ་སྒོང་དང་མོ་ཆུས་ཀོའུ་བྱས་སྒོང་སོགས་ཐོན་རྫས64ཚོང་རྟགས་ཐོ་འགོད་ལེགས་འགྲུབ་བྱུང་། །

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།