མཚོ་སྔོན་ཞིང་ཆེན་དགའ་བདེ་རྫོང་གི་འབྲི་གཡག་དེ་ནོར་སྲིད་འགན་བཅོལ་གྲོན་དངུལ་ཁ་གསབ་ཁྲོད་དུ་བླངས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འབྲོག་པའི་རང་བྱུང་གནོད་འཚེ་འགོག་པའི་ནུས་པ་མཐོར་འདེགས་སུ་གཏོང་བ་དང་རང་བྱུང་གནོད་འཚེས་བཟོས་པའི་ཉེན་ཁ་སེལ་ཆེད།  མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་འབྲོག་ལུག་འགན་ལེན་ཁྱབ་ཁོངས་ཀྱི་བཀོད་སྒྲིག་རིམ་བཞིན་རྒྱ་བསྐྱེད། 2016ལོར།  ཞིང་ཆེན་ནོར་སྲིད་ཀྱིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གི་འབྲི་གཡག་དེ་ནོར་སྲིད་ཀྱི་འགན་བཅོལ་གྲོན་དངུལ་གྱི་ཁ་གསབ་ཁྱབ་ཁོངས་སུ་བླངས་ཤིང་། འབྲི་གཡག་འགན་བཅོལ་གྲོན་དངུལ་གྱི་ཁ་གསབ་གྲོན་དངུལ་སྒོར་ཁྲི1235.7སྤྲོད་རྒྱུ་རེད།

དགའ་བདེ་རྫོང་ནི་ས་བབ་མཐོ་ཞིང་རང་བྱུང་གནོད་འཚེ་མང་པོ་འབྱུང་བ་དང་འབྲོག་ལས་དཔལ་འབྱོར་གཙོ་བོར་བྱེད་པའི་རྫོང་ཞིག་ཡིན་པ་དང་འབྲི་གཡག་ཁྲི14ལ་ཉེ་བ་ཡོད་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་འབྲོག་ལས་འཛུགས་སྐྲུན་ཚོད་ལྟའི་རྫོང་དང་རྒྱལ་ཡོངས་ཀྱི་འབྲོག་ལས་ཐོན་རྫས་ཐོན་སྐྱེད་བྱེད་ས་ཡིན། ཐེངས་འདིར་དགའ་བདེ་རྫོང་དུ་འབྲི་གཡག་འགན་བཅོལ་གྲོན་དངུལ་ཁ་གསབ་གྱི་བྱ་བ་སྤེལ་ནས་འབྲོག་པའི་འབྲི་གཡག་གསོ་བར་སྐུལ་འདེད་བྱེད་པ་དང་ཉེན་འགོག་གི་ནུས་པ་མཐོར་འདེགས་སུ་གཏོང་བ།  འབྲོག་ལས་འཕེལ་རྒྱས་དང་འབྲོག་པའི་ཡོང་སྒོ་ཇེ་མཐོར་གཏོང་བར་དོན་སྙིང་གལ་ཆེན་ལྡན། །

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།