ད་ལོར་མཚོ་སྔོན་གྱིས་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས་ཐད་ལ་མ་དངུལ་སྒོར་དུང་ཕྱུར92ལེགས་འགྲུབ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་པ་ལྟར་ན། ད་ལོར། མཚོ་སྔོན་གྱིས་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས་ཀྱི་ལས་འགན་ཁྱིམ་ཚང80281གཏན་འཁེལ་བྱས་པ་དང་། ཟླ8པའི་ཟླ་མཇུག་བར་དུ་བསྡོམས་པས་ཁྱིམ་ཚང62988ལས་འགོ་བརྩམས་ཤིང་། ལས་འགོ་རྩོམ་ཚད78ལ་སླེབས་པ་དང་། མ་དངུལ་སྒོར་དུང་ཕྱུར92ལེགས་འགྲུབ་བྱས་ཡོད་ལ། དེའི་ནང་སྒོར་མོ་བྱིན་ནས་བཀོད་སྒྲིག་བྱས་པའི་ཁྱིམ་ཚང7323ཡོད། གྲོང་རྡལ་གྱི་འགན་སྲུང་རང་བཞིན་བདེ་སྡོད་བཟོ་འགོད་འཛུགས་སྐྲུན་ལ་ཀྲུང་དབྱང་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར36.53དང་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས་ཀྱི་འཛུགས་སྐྲུན་ཆེད་སྤྱོད་ཐེབས་རྩ་སྒོར་དུང་ཕྱུར31.78དངོས་འབེབས་བྱས་པ་དང་། རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས་དངུལ་བུན་སྒོར་དུང་ཕྱུར99.06བསྐྱིས་ལ། དངུལ་བུན་སྒོར་དུང་ཕྱུར69.74དངོས་འབེབས་བྱས་ཡོད།

རྗེས་མར་མཚོ་སྔོན་གྱིས་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས་བྱ་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། ས་ཁུལ་སོ་སོས་ནན་ཏན་གྱིས་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས་ལས་གཞི་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་ཐག་བཅད་དེ་ས་གནས་ཀྱི་དངོས་ཡོད་དང་འཚམ་པའི་བྱ་བའི་སྒྲུབ་ཐབས་བཏོན་ནས་ལས་གཞིའི་འགོ་རྩོམ་ལ་སྐུལ་སྤེལ་གཏོང་དགོས་པར་སྐུལ་འདེད་བྱས། ལས་འགོ་མ་བརྩམས་པའི་ལས་གཞི་དག་ལ་རིམ་བཞིན་ལས་གཞིའི་རྩིས་ཁྲ་བཟོ་བ་དང་ལས་གཞིའི་བཟོ་སྐྲུན་དུས་ཡུན་སྒྲིག་ཏེ་མཉམ་སྦྲེལ་མཆན་འགོད་ཀྱི་བྱེད་ཐབས་སྤྱད་ནས་དུས་བཅད་ལྟར་ལས་གཞི་འཛུགས་པ་དང་འཆར་བཀོད་མཆན་འགོད། ས་ཞིང་བེད་སྤྱོད། ལས་སྐྲུན་མཆན་འགོད་སོགས་ཀྱི་མཆན་འགོད་འགྲོ་ལུགས་ལེགས་འགྲུབ་བྱས་ནས་ལས་གཞིའི་དུས་འགོའི་བྱ་བའི་དུས་ཡུན་ཇེ་ཐུང་དུ་གཏོང་བར་བརྩོན་ལེན་བྱེད་དགོས། ལས་འགོ་བརྩམས་པའི་ལས་གཞི་ལ་ནན་ཏན་སྒོས་ལས་སྐྲུན་གྱི་དུས་ཡུན་གཏན་འཁེལ་ལྟར་ལས་བཟོ་རྩ་འཛུགས་བྱེད་པ་དང་ལས་སྐྲུན་འཆར་འགོད་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། མགྱོགས་མྱུར་ངང་ལས་གཞི་ལེགས་འགྲུབ་བྱེད་དགོས། ལས་འགན་ཚད་གཞི་ཇེ་ཉུང་དུ་མི་གཏོང་བ་དང་ལས་གཞིའི་ངོ་བོ་མི་འགྱུར་བའི་སྔོན་འགྲོའི་འོག ས་གནས་ཁ་ཤས་ལ་ལོ་མཇུག་སྔོན་དུ་ལག་བསྟར་བྱེད་དཀའ་བའི་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས་ལས་གཞི་དག་ལེགས་སྒྲིག་བྱས་ཏེ། ཟླ11པའི་ཟླ་མཇུག་སྔོན་ལ་ལས་གཞི་ཚང་མ་འཛུགས་སྐྲུན་འགོ་རྩོམ་པར་ཁག་ཐེག་བྱས།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།