མདའ་རྩེད་ཀྱི་གོ་སྐབས་དང་བསྟུན་ནས་གཅན་ཚ་རྫོང་ཁེ་ལས་པའི་མཐུན་ཚོགས་ཀྱིས་ཁྱད་ཐོན་ཚོང་རྫས་འགྲེམ་སྤེལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་འདི་འགར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་མཁར་དུ་མི་ཚོགས་ཀྱིས་ཡོངས་སུ་བཀང་ཞིང་ད་ནི་མདའ་འཕེན་འགྲན་སྡུར་གྱི་བྱ་བ་འདིའང་རེ་ཞིག་མཇུག་རྫོགས་ལ་ཉེ། གོ་སྐབས་འདི་དང་བསྟུན་ནས་གཅན་ཚ་རྫོང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་། གཅན་ཚ་རྫོང་ཁེ་ལས་པའི་མཐུན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་གནང་སྟེ་དམངས་གཉེར་ཁེ་ལས་ཐོན་རྫས་འགྲེམ་སྟོན་ཚོགས་འདུ་དང་ཚོང་ཚོགས་སྣེ་ལེན་བཞུགས་མོལ་ཚོགས་འདུ་དེ་གཅན་ཚ་རྫོང་ཞིང་ཕྱུགས་ལས་ཐོན་རྫས་འགྲེམ་སྟོན་ཁང་དང་མཚོ་སྔོན་ཧི་མ་ལ་ཡ་རིག་གནས་གྲོང་དུ་བསྡུས་ཤིང་། གཙོ་བོ་ནི་ས་གནས་ཀྱི་དངོས་ཡོད་དཔལ་འབྱོར་གནས་ཚུལ་དྲིལ་སྒྲོག་དང་འཛམ་གླིང་ཚོང་རའི་དཔལ་འབྱོར་གྱི་ཆོས་ཉིད་ཟུང་དུ་སྦྲེལ་ཏེ་ཁེ་ལས་ཆུང་འབྲིང་གི་ཚད་མཐོའི་གནས་ཚུལ་ལ་རྒྱུས་ལོན་བྱ་རྒྱུ་དེ་རེད།

བྱ་འགུལ་འདིའི་གོ་སྐབས་དམ་འཛིན་བྱས་ཏེ་ས་གནས་ཀྱི་ཁེ་ལས་རེ་འགས་རང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཕྱིར་འཚོང་དང་། འགྲེམ་སྤེལ། ཁྱབ་སྒྲོག་གི་བྱ་འགུལ་སྤེལ་ཞིང་མ་འོངས་པར་ཐོན་རྫས་གསར་གཏོད་དང་ཚོང་ལམ་འཁོར་རྒྱུག་གི་ཕྱོགས་ལ་མདུན་སྐྱོད་ཀྱི་ལམ་ཁ་གསར་བ་ཞིག་འཚོལ་བའི་ཕྱོགས་ལ་འབད་འབུངས་ལྷོད་མེད་བྱེད་བཞིན་མཆིས་ལ། ཁོ་ཚོས་ཚོང་རྫས་མང་པོ་ཡུལ་དངོས་སུ་བསྐྱལ་འོང་ཞིང་ལྟད་མོ་པ་མང་པོའང་འགྲེམ་སྟོན་ཡུལ་དངོས་སུ་བཅར་ནས་ཐོན་རྫས་རེ་རེ་ལ་མྱོང་རོལ་དང་ཞིབ་ལྟ་བྱས་ཤིང་། ལྷག་དུ་གཅན་ཚའི་འབྲུ་སྣའི་རི་མོ་སོགས་ས་གནས་ཁྱད་ལྡན་ཐོན་རྫས་ཀྱིས་ལྟད་མོ་བའི་ཡིད་དབང་ཅིག་ཅར་དུ་འཕྲོག་ཡོད།  སྣང་ཚུལ་འདི་ལས་གཅན་ཚའི་ཚོང་ལས་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བཞིན་པ་དང་ཚོང་ལས་བགྲོད་ལམ་སྔར་ལས་ཡངས་པོ་ཞིག་ངང་གིས་བཏོད་བཞིན་ཡོད་པ་མཚོན་ཡོད།

001.jpg

གཅན་ཚ་ཁེ་ལས་པའི་མཐུན་ཚོགས་ཀྱི་མཚོན་རིས།

1.jpg

ཁེ་ལས་པའི་མཐུན་ཚོགས་ཀྱི་སྣེ་ལེན་བཞུགས་མོལ་ཚོགས་འདུ།

01.jpg

འགྲེམ་ཚོགས་ཀྱི་ཡུལ་དངོས།

2.jpg

ཚོང་རྫས་འགྲེམ་སྟོན་བྱེད་བཞིན་པའི་རྣམ་པ།

3.jpg

ལྟད་མོ་བས་འགྲེམ་སྟོན་བྱས་པའི་ཚོང་རྫས་དག་ལ་ཞིབ་ལྟ་བྱེད་བཞིན་པ།

4.jpg

ཤ་སྐམ་རོལ་མྱོང་བྱེད་བཞིན་པ།

5.jpg

འགྲེམ་སྟོན་བྱེད་བཞིན་པའི་མདའ་གཞུའི་རིགས།

6.jpg

གཅན་ཚའི་གོར་མོ་ཆེ།

7.jpg

གཅན་ཚ་རྫོང་ཁེ་ལས་པའི་མཐུན་ཚོགས་དང་ཁེ་ལས་རེ་འགའི་ཚོང་རྟགས།

8.jpg

བོད་ལྭའི་རིགས།

9.jpg

ནས་ཕྱེ་དང་གྲོ་མ་སོགས་ཀྱི་རིགས།

10.jpg

བོད་སྨན་གྱི་རིགས།

11.jpg

གཅན་ཚའི་འབྲུ་སྣའི་རི་མོ།

12.jpg

བོད་སྤོས་ཀྱི་རིགས།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།