མཚོ་སྔོན་གྱིས་ཞིང་ལས་ཁྱབ་བཤེར་ཐེངས་གསུམ་པ་བྱེད་པ་དེ་རོང་འབྲོག་ཁྱིམ་ཚངཁྲི96ལྷག་དང་འབྲེལ་ཡོད།

        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས30ཉིན།གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཁྱབ་བཤེར་ཐེངས་གསུམ་པའི་དྲིལ་སྒྲོག་མཐུན་སྦྱོར་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་ཀྱི་གཏན་འབེབས་ལྟར། རང་ཞིང་གིས་ཞིང་ལས་ཁྱབ་བཤེར་ཐེངས་གསུམ་པ་ཁྱིམ་ཚང་དུ་སོང་སྟེ་ཐོ་འགོད་བྱེད་རྒྱུ་རེད། ཁྱབ་བཤེར་དུས་ཚོད་ནི2016ལོའི་ཟླ12པའི་ཚེས31ཉིན་གྱི་ནམ་གུང་གི་དུས་ཚོད12.00ནས་མགོ་རྩོམ་རྒྱུ་རེད། རྒྱུ་ཆ་ནི2016ལོའི་ཡིན་ལ། རོང་འབྲོག་ཁྱིམ་ཚང་ཁྲི96ལྷག་དང་འབྲེལ་ཡོད།

  ཤེས་གསལ་ལྟར་ན། ཞིང་ལས་ཁྱབ་བཤེར་ནི“ཞིང་གསུམ”གྱི་འཕེལ་རྒྱས་དང་འགྱུར་ལྡོག་གི་གནས་ཚུལ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱེད་པའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་སྟོབས་ཤུགས་གལ་ཆེན་ལ་ཞིབ་བཤེར་བྱེད་པ་ཞིག་རེད།

  ཐེངས་འདིའི་ཞིང་ལས་ཁྱབ་བཤེར་ནི་རང་ཞིང་གི་ཞང་དང་གྲོང་རྡལ425དང་སྡེ་བ་རིམ་པའི་ལས་ཁུངས4222། རོང་འབྲོག་ཁྱིམ་ཚང་ཁྲི96། ཞིང་ལས་བདག་གཉེར་ལས་ཁུངས་ཁྲི1བཅས་དང་འབྲེལ་བ་ཡོད། ཁྱབ་བཤེར་གྱི་ནང་དོན་གཙོ་བོ་ལ་ཞིང་ལས་ལས་གཉེར་པའི་རྩ་བའི་གནས་ཚུལ་དང་ཞིང་ལས་ས་ཞིང་གི་བེད་སྤྱོད་དང་འཁོར་རྒྱུག་གི་གནས་ཚུལ། ཞིང་ལས་ཀྱི་ཐོན་སྐྱེད་དང་གྲུབ་ཚུལ་གྱི་གནས་ཚུལ། ཞིང་ལས་གསར་པའི་ཚོང་གཉེར་བདག་ཉིད་དང་ཞིང་ལས་གཞི་ཁྱོན་ཅན་དང་ཐོན་ལས་ཅན་འཕེལ་རྒྱས་ཀྱི་གནས་ཚུལ། ཞིང་སྡེ་གསར་པ་འཛུགས་སྐྲུན་བྱེད་པའི་གནས་ཚུལ།  ཞིང་སྡེའི་གཞིས་ཆགས་ཁོར་ཡུག་དང་ཞིང་པའི་འཚོ་བ་རོལ་སྟངས་ཀྱི་འགྱུར་ལྡོག་གནས་ཚུལ་བཅས་འདུས་ཡོད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།