མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་འགན་སྲུང་བྱང་བུ་ཁྲི363.39བྱིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་རྒྱུས་ལོན་པ་ལྟར་ན།རང་ཞིང་གིས་སྤྱི་ཚོགས་འགན་སྲུང་བྱང་བུ་གསར་དུ་བརྗེ་བའི་བྱ་བ་ཁྱོན་ཡོངས་ནས་སྤེལ་མགོ་བརྩམས་པའི་ཚུན་དུ། རིམ་བསགས་ཀྱིས་སྤྱི་ཚོགས་འགན་སྲུང་བྱང་བུ་ཁྲི363.39བྱིན། སྔོན་དཔག་ལྟར་ན་ལོ་མཇུག་གི་བར་དུ་ཞིང་ཆེན་ཡོངས་ཀྱི་མི་ཁྲི410ཡན་ལ་བྱང་བུ་སྟེར་རྒྱུ་རེད། 

2015ལོ་ནས་བཟུང་། རང་ཞིང་གིས་ལས་བཟོ་པའི་སྨན་བཅོས་འགན་སྲུང་དང་སྤྱི་ཚོགས་འགན་སྲུང་བྱང་བུ་གསར་དུ་བརྗེ་བའི་བྱ་བ་ཁྱོན་ཡོངས་ནས་སྤེལ་མགོ་བརྩམས་ཏེ། སྤྱི་ཚོགས་འགན་སྲུང་བྱང་བུ་ཡིས་སྔོན་ཆད་ཀྱི་སྨན་བཅོས་འགན་སྲུང་བྱང་བུ་ཡི་ཚབ་བྱས་པས། སྤྱི་ཚོགས་འགན་སྲུང་བྱང་བུ་དང་སྨན་བཅོས་འགན་སྲུང་བྱང་བུ། དངུལ་བྱང་གསུམ་གཅིག་ཅན་དུ་མངོན་འགྱུར་བྱུང་བ་དང་། བྱང་བུ་གཅིག་པུས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་གི་འགྲོ་ལུགས་སྒྲུབ་སའི་ལས་ཁུངས་དང་གནས་གཏན་འཁེལ་གྱི་སྨན་བཅོས་ལས་ཁུངས། དངུལ་རྩའི་དྲ་ཚིགས་ཚང་མ་ནས་རྒན་གསོ་དང་སྨན་བཅོས་སོགས་ཀྱི་སྤྱི་ཚོགས་འགན་སྲུང་གི་ཞབས་ཞུ་སྣ་ཚོགས་ཀྱི་འགྲོ་ལུགས་སྒྲུབ་ཆོག 

 ད་ལྟ། རང་ཞིང་གི་མཁར་གྲོང་དུ་ཁེབས་ཤིང་གོང་འོག་ཚང་མར་འཕྲོད་པའི་ལས་སྒོའི་ཆེད་ལས་དྲ་བ་ཞིག་ཆགས་ཡོད། དྲ་བ་དེ་ཡར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་གཞི་གྲངས་ལྟེ་གནས་དང་སྦྲེལ་ལ།  མར་གྲོང་ཁྱེར་དང་ཁུལ། རྫོང(ས་ཁུལ)བཅས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་འཕྲིན་གཏོང་ལྟེ་གནས་དང་སྦྲེལ། ཕྱི་རུ་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་གཏན་འཁེལ་གནས་ཀྱི་སྨན་ཁང2500ལྷག་དང་སྨན་རྫས་ཚོང་ཁང་། ཞབས་ཞུ་དངུལ་ཁང3བཅས་ཀྱི་ཞབས་ཞུ་དྲ་བ་མང་པོ་དང་ཡང་སྦྲེལ་ཡོད་པས། པུའུ་དང་ཞིང་ཆེན། གྲོང་ཁྱེར། རྫོང(ས་ཁུལ)། ཞང་དང་གྲོང་རྡལ(སྡེ་ཁུལ)བཅས་རིམ་པ་ལྔའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ལས་སྒོའི་ཆེད་ལས་དྲ་བ་མངོན་འགྱུར་བྱས།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།