མཚོ་སྔོན་ཞིང་ཆེན་གྱིས་བྱེད་ཐབས་ལག་བསྟར་བྱས་ཏེ་གོམ་གང་མདུན་གྱིས་ཞང་གྲོང་གི་བྱ་བའི་ལས་གནས་ཀྱི་ཁ་གསབ་ལམ་ལུགས་ཚད་ལྡན་དང་འཐུས་ཚང་དུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གོམ་གང་མདུན་སྤོས་ཀྱིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གཞི་རིམ་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་དང་ཞང་གྲོང་ལས་བྱེད་མི་སྣའི་བརྩོན་སེམས་རང་བཞིན་སྐུལ་སློང་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་ནོར་སྲིད་ཐིན་བཅས་ཀྱིས་མཉམ་འབྲེལ་སྒོས《གོམ་གང་མདུན་སྤོས་ཀྱིས་ཞང་གྲོང་གི་བྱ་བའི་ལས་གནས་ཁ་གསབ་ལམ་ལུགས་ཚད་ལྡན་དང་འཐུས་ཚང་དུ་གཏོང་བའི་འབྲེལ་ཡོད་བརྡ་ཐོ》དཔར་ནས་བཀྲམ་སྟེ་ཞང་གྲོང་གི་བྱ་བའི་ཁ་གསབ་སྟེར་བའི་ཁྱབ་ཁོངས་རྒྱ་བསྐྱེད་དེ་འོས་འཚམ་སྒོས་ཁ་གསབ་ཚད་གཞི་ཇེ་མཐོར་བཏང་།

བརྡ་ཐོས་སྲིད་ཇུས་ཀྱི་མིང་གཅིག་གྱུར་གསལ་བོ་བྱས་ཡོད་དེ་མཚོ་སྔོན་ཞིང་ཆེན་གྱི་ཞང་གྲོང་གི་བྱ་བའི་ལས་གནས་ཀྱི་རོགས་སྐྱོར་དེ་ཞང་གྲོང་གི་བྱ་བའི་ཁ་གསབ་ཏུ་སྒྱུར་བ་དང་ལག་བསྟར་བྱེད་པའི་ཁྱབ་ཁོངས་ལེགས་སྒྲིག་བྱས་ཏེ་སྔོན་གྱི་གཏན་འཁེལ་བྱས་པའི་ཁྱབ་ཁོངས་ཀྱི་རྨང་གཞིའི་སྟེང་ཞིང་ཆེན་དང་གྲོང་ཁྱེར། ཁུལ། རྫོང་གི་ཁོངས་གཏོགས་ལས་ཁུངས་ཀྱི་ལས་དོན་སྡེ་ཚན་ཡོད་སའི་ཞང་གྲོང་གི་ལས་གནས་ཐོག་ཡོད་པའི་ལས་བྱེད་མི་སྣ་ཞང་གྲོང་གི་བྱ་བའི་ཁ་གསབ་ལག་བསྟར་བྱེད་པའི་ཁྱབ་ཁོངས་སུ་བཞག ལས་བྱེད་མི་སྣས་དུས་ཡུན་རིང་བོར་བརྟན་འཇགས་སྒོས་གཞི་རིམ་ནས་བྱ་བ་སྒྲུབ་པར་སྐུལ་འདེད་བྱེད་ཆེད། འོས་འཚམ་སྒོས་ཞང་གྲོང་གི་བྱ་བའི་ཁ་གསབ་ཚད་གཞི་ཇེ་མཐོར་བཏང་བ་དང་ཞང་གྲོང་ནས་བྱ་བ་སྒྲུབ་པའི་ལོ་ཚད་ལོ་ལྔ་རེ་ལོན་པ་ན་མི་རེར་ཟླ་རེའི་ཁ་གསབ་ཐོག་ཡང་བསྐྱར་སྒོར་ལྔ་བཅུའི་ཁ་སྣོན་བྱེད་རྒྱུ་གཏན་འཁེལ་བྱས། དེ་དང་མཉམ་དུ། གཅིག་གྱུར་གྱིས་སྐོང་འཐེན་བྱས་པའི་ཞང་གྲོང་དུ་སོང་ནས་དབུལ་སྐྱོར་དང་འགན་འཁྱེར་སོགས་སྤེལ་བའི་ལས་བྱེད་མི་སྣར་ཞང་གྲོང་ནས་བྱ་བ་སྒྲུབ་པའི་སྐབས་སུ་ཞང་གྲོང་གི་བྱ་བའི་ཁ་གསབ་གཏན་འཁེལ་བྱས་པའི་ཚད་གཞི་ལྟར་སྟེར་དགོས་པ་གཏན་འབེབས་བྱས།

བརྡ་ཐོ་ལས་བསྟན་དོན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ནན་ཏན་སྒོས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་ལས་གནས་ཐོག་གི་ལས་བྱེད་མི་སྣའི་ཆ་འཕྲིན་ཐོ་འགོད་ལམ་ལུགས་བཙུགས་ཏེ་ཁ་གསབ་ལོངས་སུ་སྤྱོད་བཞིན་པའི་མི་སྣའི་དངོས་མིང་ལམ་ལུགས་ཀྱི་འགུལ་རྣམ་དོ་དམ་ནང་རྐྱེན་ལག་བསྟར་བྱས་ཏེ་དངོས་ཡོད་གནས་ཚུལ་ལྟར་ཁ་གསབ་སྟེར་དགོས། 
 

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།