མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཀོའུ་ཨར་པང་ཇ་སྟོན་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཟི་ལིང་ནས་མུའུ་སི་ལིན་སྲོལ་རྒྱུན་དུས་ཆེན་སྟེ། ཀོའུ་ཨར་པང་དུས་ཆེན་གྱི་ཇ་སྟོན་གྲོས་ཚོགས་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་བསྟན་ཁོ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབང་མོ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཧན་ཅིན་ཧྭ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཁྲང་ཆིན། བློ་མཐུན་རྒན་པ་མཱ་ཅིན་ཞའོ། ཀྲང་ཡུས་ལིན། ཧན་ཡུས་ཀོས་བཅས་ཀྱིས། ཞིང་ཆེན་ལྟེ་གནས་ཀྱི་རིགས་སོ་སོའི་མུའུ་སི་ལིན་འཐུས་མི་རྣམས་དང་ལྷན་དུ་དགྱེས་འཛོམས་དགའ་སྟོནལ་རོལ།

ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་མའོ་ཝིན་ཧྲོན་གྱིས་ཤིས་ཚིག་ཕུལ། ཁོས་བཤད་རྒྱུར། ཉེ་བའི་ལོ་འདི་འགར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ཐམས་ཅད་གཅིག་བསྡུས་སྒོས་མི་རིགས་མཐུན་སྒྲིལ་སྔོན་ཐོན་ས་ཁུལ་འཛུགས་སྐྲུན་བྱ་བ་ཡར་ལྡན་དུ་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་རྣམས་ལ་མཉམ་དུ་མཐུན་སྒྲིལ་འབད་བརྩོན་དང་མཉམ་དུ་ཡར་རྒྱས་གོང་འཕེལ་འགྲོ་བའི་དྲང་ཕྱོགས་ནུས་ཤུགས་འཛོམས་པོ་ཞིག་བསྐྲུན་ནས། མི་རིགས་ཚང་མ་འཆམ་མཐུན་མཉམ་གནས་དང་ཡར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་བཏང་སྟེ། མི་རིགས་སོ་སོའི་སྤུན་ཟླ་ཚང་མས་མཐུན་སྒྲིལ་མཉམ་གནས་ཀྱི་འབོད་སྐུལ་གླུ་རུ་བླངས་ཡོད་ཟེར།
ཇ་སྟོན་ཚོགས་འདུའི་སྟེང་དུ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་རྩལ་བྱ་འགུལ་མང་པོ་འཁྲབ་སྟོན་བྱས། 

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།