མཚོ་སྔོན་ཞིང་ཆེན་གྱིས་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་ཁྲོད་སྲོལ་རྒྱུན་གྱི་རྣམ་པ་བསྐྲུན་པར་མཐོང་ཆེན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་ཉིས་སྟོང་བཅུ་དྲུག་ལོར་མཚོ་སྔོན་ཞིང་ཆེན་གྱིས་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་དང་རོང་འབྲོག་མང་ཚོགས་ཀྱི་ཉེན་ཁང་དང་ཁང་རྙིང་བསྒྱུར་བཀོད་བྱ་བའི་ཡུལ་དངོས་ལྟ་སྦྱོང་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་དང་རོང་འབྲོག་མང་ཚོགས་ཀྱི་ཉེན་ཁང་དང་ཁང་རྙིང་བསྒྱུར་བཀོད་ཁྲོད་མཚོ་སྔོན་ཞིང་ཆེན་གྱིས་སྔར་ལས་ལྷག་པའི་སྒོ་ནས་སྲོལ་རྒྱུན་རྣམ་པ་བསྐྲུན་པར་མཐོང་ཆེན་བྱས་ནས་ས་ཁོངས་ཀྱི་རྣམ་པ་དང་མི་རིགས་ཀྱི་ཁྱད་ཆོས་ལ་བསམ་གཞིགས་བཏང་བ་དང་མང་ཚོགས་ཀྱི་རེ་འདུན་ལ་བརྩི་བཀུར་བྱས་ཏེ་གྲོང་སྡེ་འཕེལ་རྒྱས་ཀྱི་རང་བྱུང་གནས་བབ་སྲུང་འཛིན་དང་མི་རིགས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། འཛུགས་སྐྲུན་གོ་རིམ་ཁྲོད། ས་ཆ་སོ་སོས་གྲོང་སྡེའི་སྔར་ཡོད་ཀྱི་གནས་བབ་དང་སྲོལ་རྒྱུན་རྣམ་པ་སྲུང་འཛིན་བྱེད་པར་མཐོང་ཆེན་དང་སྤྱི་ཐུན་ཞབས་ཞུ་དང་རྨང་གཞིའི་སྒྲིག་བཀོད་མཁར་གྲོང་ལ་ཕྱོགས་པ་དང་གྲོང་ཁྱེར་གྱི་བྱེད་ནུས་གྲོང་གསེབ་ལ་རྒྱ་སྐྱེད་པར་མཐོང་ཆེན་བྱས་ནས་སྔར་གྱི་སྟབས་བདེའི་བགྲོད་ལམ་དེ་སྣུམ་ལམ་དུ་བསྒྱུར། སྟབས་བདེའི་ཐང་ཆེན་འཛུགས་སྐྲུན་དེ་རིག་གནས་ལུས་རྩལ་སྒྲིག་ཆས་ཆ་ཚང་དང་ལྗང་མདོག་མཛེས་ལྗོངས་བསྐྲུན་པ། སྤྱི་གླིང་འཛུགས་སྐྲུན་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་ཕྱོགས་སུ་རྒྱ་སྐྱེད་དེ་བསྡོམས་པས་མཐོ་སྒང་གི་མཛེས་པའི་གྲོང་སྡེ་སུམ་བརྒྱ་རུ་སྤྱོད་ཁང་དང་སློབ་གསོ། རིག་གནས་སོགས་རྨང་གཞིའི་ལས་གཞི་སྟོང་གཅིག་སུམ་བརྒྱ་བཅུ་དྲུག་བཀོད་སྒྲིག་བྱས་ཏེ་མི་འབུམ་གཉིས་དང་ཁྲི་བརྒྱད་ལ་ཁེ་ཕན་བསྐྲུན། དེ་དང་མཉམ་དུ། ས་ཆ་སོ་སོས་ད་རུང་མཐོ་སྒང་གི་མཛེས་བའི་གྲོང་སྡེ་འཛུགས་སྐྲུན་དང་སྲོལ་རྒྱུན་ཡུལ་ཚོ་སྲུང་སྐྱོབ་བྱེད་པ་གཉིས་ཟུང་འབྲེལ་བྱས་ནས་གནའ་བོའི་གྲོང་ཚོ་དང་གནའ་བོའི་བཟོ་བཀོད་སོགས་ཀྱི་སྲུང་སྐྱོབ་ལ་ཤུགས་བསྣན།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།