ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། ཚེ་མཁར་རྒྱལ།)ཟླ7པའི་ཚེས22ཉིན་གྱི་སྔ་དྲོར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་བཙུགས་ཏེ་ལོ་འཁོར40ལོན་པའི་བཞུགས་མོལ་ཚོགས་འདུ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་བསྡུས། ཐེངས་འདིའི་ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སུའུ་ཉིན་དང་རྒྱལ་ཁབ་གསར་འགྱུར་པར་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་པར་སྐྲུན་དོ་དམ་སིའི་འགོ་འཛིན་ཀྲིག་ཧའེ་ལིན། གྲངས་འཛིན་པར་སྐྲུན་སིའི་སྐོར་གཟིགས་པ་གཞོན་པ་ཚའེ་ཅིན་ཧྲིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་བཞེས་མྱོང་པའི་བློ་མཐུན་སྐལ་བཟང་རྡོ་རྗེ། ད་དུང་རྒྱལ་ཡོངས་ཀྱི་པར་སྐྲུན་ཁང30ལྷག་གི་འགོ་གཙོ་དང་སྒྲིག་སྦྱོར་བ། རང་ཞིང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་གཙོ་སོགས་སྐུ་མགྲོན150ཐེངས་འདིའི་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ཏུ་རྒྱལ་ཁབ་གསར་འགྱུར་པར་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་པར་སྐྲུན་དོ་དམ་སིའི་འགོ་འཛིན་ཀྲིག་ཧའེ་ལིན་དང་། མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་ཐིན་གྱི་ཐིན་ཀྲང་གཞོན་པ་ལུའུ་ཞཱ་། གཞན་རྩོམ་པ་པོ་དང་ཀློག་པ་པོའི་འཐུས་མི་རྣམས་ཀྱིས་གཏམ་བཤད་གནང་སྟེ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ལོ་འཁོར40ལྷག་ལ་དཀའ་སྤྱད་འབད་པ་བྱས་ནས་གྲུབ་འབྲས་བླངས་པར་ཁས་ལེན་བྱས་པ་དང་། ཉེ་བའི་ལོ5ཡི་རིང་ལ་དཔེ་སྐྲུན་གྱི་ཁ་གྲངས་དང་གཞི་རྒྱ། ལག་རྩལ་སོགས་གྱི་ཐད་ནས་གཞན་ལ་ངོམས་ཆོག་པའི་འབྲས་བུ་བླངས་པར་བསྟོད་བསྔགས་བྱས།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་བཙུགས་ནས་ལོ་ངོ40འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུའི་ཚོགས་ར།
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་བཙུགས་ནས་ལོ་ངོ40འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས།