རྒྱལ་ཡོངས་ཞིབ་དཔྱོད་སློབ་གསོའི་གསོ་སྐྱོང་འཆད་ཁྲིད་ཚོགས་པ་མཚོ་སྔོན་དུ་ཡོང་ནས་སྐོར་སྐྱོད་འཆད་ཁྲིད་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་ཉི་ཤུ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན་ནས་བཟུང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རྩ་འཛུགས་བྱས་པའི་རྒྱལ་ཡོངས་ཞིབ་དཔྱོད་སློབ་གསོའི་འཆད་ཁྲིད་ཚོགས་པས་མཚོ་སྔོན་ཞིང་ཆེན་གྱི་ཞིབ་དཔྱོད་ལས་ཁུངས་ལ་སྐོར་སྐྱོད་འཆད་ཁྲིད་བྱེད་པའི་བྱ་འགུལ་སྤེལ་བ་དང་མཚོ་སྔོན་ཞིང་ཆེན་ནི་འཆད་ཁྲིད་ཚོགས་པ་ནུབ་ཕྱོགས་ལ་ཡོང་ནས་འཆད་ཁྲིད་བྱེད་པའི་ས་ཚིགས་དང་པོ་རེད།

ནུབ་ཕྱོགས་སྐོར་སྐྱོད་འཆད་ཁྲིད་ནི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་བོད་ལྗོངས་དང་ཞིན་ཅང་ལ་རོགས་བྱེད་པའི་བྱ་བ་བཀོད་སྒྲིག་དོན་འཁྱོལ་བྱེད་པ། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་དཔུང་སྡེ་འཛུགས་སྐྲུན་བྱ་བའི་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱས་ཏེ། ལོ་སྔོན་མ་དག་ལས་སྐོར་སྐྱོད་ས་ཁུལ་ཆེས་མང་བ་དང་སྟོབས་ཤུགས་ཞུགས་ཚད་ཆེས་ཆེ་བ། ལས་སྒོའི་ཁྱབ་ཚད་ཆེ་བའི་སྐོར་སྐྱོད་འཆད་ཁྲིད་བྱ་འགུལ་ཞིག་ཡིན། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅུ་བཞིའི་ཞིབ་དཔྱོད་ལས་ཁུངས་ནས་ཡོང་བའི་ཞིབ་དཔྱོད་ལས་སྒོའི་ཆེད་མཁས་པ་ཉི་ཤུ་ལྷག་མཚོ་སྔོན་དང་བོད་ལྗོངས། ཉིན་ཞ། ཞིན་ཅང་སོགས་སུ་སོང་ནས་ཡུན་ཚད་ཟླ་ཕྱེད་ལྷག་གི་སྐོར་སྐྱོད་འཆད་ཁྲིད་བྱ་འགུལ་སྤེལ་ནས་ནུབ་ཕྱོགས་ས་ཁུལ་གྱི་ཞིབ་དཔྱོད་མི་སྣའི་ཁྲིམས་འཛིན་འདུ་ཤེས་མཐོར་འདེགས་གཏོང་བ་དང་ཚད་ལྡན་གྱི་ཁྲིམས་འཛིན་ཆུ་ཚད་གོང་འཕེལ་དུ་གཏོང་བ། དཀའ་གནད་ཐག་གཅོད་པའི་ནུས་པ་ཇེ་དྲག་ཏུ་གཏོང་བར་སྐུལ་འདེད་བཏང་།

ཐེངས་འདིའི་སྐོར་སྐྱོད་འཆད་ཁྲིད་བྱ་བར་རོགས་འདེགས་བཟང་བོ་བྱེད་ཆེད། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཆེད་དུ་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱི་འཆད་ཁྲིད་ཚོགས་པ་མཚོ་སྔོན་དུ་ཡོང་བའི་སྐོར་སྐྱོད་བྱ་བའི་བྱེད་ཐབས་གཏན་འབེབས་བྱས་པ་དང་རྒྱལ་ཡོངས་ཞིབ་དཔྱོད་སློབ་གསོའི་གསོ་སྐྱོང་འཆད་ཁྲིད་ཚོགས་པ་མཚོ་སྔོན་དུ་ཡོང་ནས་སྐོར་སྐྱོད་འཆད་ཁྲིད་བྱེད་པའི་བྱ་བ་བཟང་བོར་སྒྲུབ་པའི་འབྲེལ་ཡོད་བརྡ་ཐོ་འགྲེལ་སྤེལ་དང་མཚོ་སྔོན་ཞིང་ཆེན་གྱི་སྐོར་སྐྱོད་འཆད་ཁྲིད་བྱ་བ་བཟང་བོར་སྒྲུབ་པར་བཀོད་སྒྲིག་འཐུས་ཚང་བྱས་ནས་འཆད་ཁྲིད་བྱ་འགུལ་ལ་ཕན་འབྲས་དངོས་ཐོབ་པར་འགན་སྲུང་བྱས།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།