མཚོ་སྔོན་ཞིང་ཆེན་ཧོས་ཨེ་སྤྱི་ཕན་ཐེབས་རྩ་ཚོགས་པས་དབུལ་ཕོངས་དང་དཀའ་ཁག་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་དགེ་སྒྲུབ་ཞལ་འདེབས་འབུལ་བའི་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཧོས་ཨེ་སྤྱི་ཕན་ཐེབས་རྩ་ཚོགས་པས་ཟི་ལིང་ནས2016ལོའི་དབུལ་ཕོངས་དང་དཀའ་ཁག་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་དགེ་སྒྲུབ་ཞལ་འདེབས་འབུལ་བའི་བྱ་འགུལ་སྤེལ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པའོ་དབྱི་ཀྲི་དང་མཱ་ཀྲི་ཝེ། ཀྲང་ཧྲིག་ཁྲིན། ཅི་རིན་ཧྥུན་བཅས་ཞལ་འདེབས་འབུལ་བའི་མཛད་སྒོར་ཞུགས།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པས་ཆབ་སྲིད་གྲོས་མོལ་དང་སྲིད་གྲོས་སྲིད་ཞུགས། དམངས་གཙོ་ལྟ་སྐུལ་བཅས་ཀྱི་བྱ་བ་བཟང་བོར་བསྒྲུབས་པ་དང་མཉམ་དུ། སྲིད་གྲོས་ཨུ་ཡོན་གྱིས་དཀའ་ཁག་མང་ཚོགས་བར་འབྲེལ་འདྲིས་བྱེད་པའི་ནུས་པ་ཧུར་ཐག་སྒོས་འདོན་སྤེལ་བྱས་པ་དང་། སྲིད་གྲོས་ཨུ་ཡོན་དང་སྤྱི་ཚོགས་སྟེང་གི་གཅེས་སེམས་ཡོད་པའི་མི་སྣའི་སྤྱི་ཚོགས་འགན་འཁྲིའི་བརྩོན་སེམས་གང་ལེགས་སྒོས་བསྐྱེད་པར་མ་ཟད། ཞལ་འདེབས་འབུལ་བའི་བྱ་བ་ཐེངས་མང་པོར་བཀོད་སྒྲིག་བྱས་ཏེ། བདག་མེད་ལོ་ལོན་དང་དབང་བོ་སྐྱོན་ཅན། དཀའ་ཁག་ཁྱིམ་ཚང་། དབུལ་ཕོངས་མང་ཚོགས་བཅས་ལ་རོགས་རམ་བྱས་ནས། དུས་ཐོག་ཏུ་དབུལ་ཕོངས་མང་ཚོགས་ཀྱི་དཀའ་ཁག་བསལ།

མཚོ་སྔོན་ཞིང་ཆེན་ཧོས་ཨེ་སྤྱི་ཕན་ཐེབས་རྩ་ཚོགས་པ་ནི2013ལོའི་ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན་བཙུགས་པ་ཡིན་ལ། ཞིང་ཆེན་སྲིད་གྲོས་ཀྱིས་མི་དམངས་སྲིད་གྲོས་ཀྱི་འབྲེལ་འདྲིས་ཁྱབ་ཆེ་བའི་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་། སྤྱི་ཕན་ལས་དོན་ལ་དགའ་བའི་ལས་རིགས་སོ་སོའི་མི་སྣས་དཀའ་ཁག་མང་ཚོགས་ལ་འབྲེལ་འདྲིས་དང་རོགས་སྐྱོར་བྱེད་པར་མཐུན་རྐྱེན་སྐྲུན་པའི་ལས་ཁུངས་ཤིག་ཀྱང་ཡིན། ཉེ་བའི་ལོ་འགའི་རིང་ལ། ཐེབས་རྩ་ཚོགས་པས་ཞིང་ཆེན་ཕྱི་ནང་གི་སྤྱི་ཚོགས་ཚོགས་པ་ཁ་ཤས་དང་འབྲེལ་འདྲིས་དང་མཉམ་ལས་བྱེད་པར་ཤུགས་བསྣན་ཏེ། རྣམ་པ་སྣ་ཚོགས་ཀྱི་སྤྱི་ཕན་སྙིང་རྗེའི་བྱ་བ་མང་པོ་བསྒྲུབས།

ཐེངས་འདིའི་ཞལ་འདེབས་འབུལ་བའི་མཛད་སྒོའི་སྟེང་། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དགེ་འདུན་བཟང་བོ་དང་ཝང་ཝེ་མེན། ཝུའུ་ཧན་ཀྲུང་བཅས་དང་ད་རུང་གཅེས་སེམས་ཡོད་པའི་མི་སྣ་སོགས་ཀྱིས་སྒེར་སེམས་མེད་པར་གཅེས་སེམས་ཕུལ་ཏེ། བྱ་འགུལ་ཁྲོད་བསྡོམས་པས་ཞལ་འདེབས་ཕུལ་བའི་མི་དམངས་ཤོག་སྒོར་ས་ཡ་གསུམ་དང་འབུམ་དགུ་ལྷག་དང་། ཞང་ཀང་གི་སྒོར་མོ་ས་ཡ་གཅིག་དང་འབུམ་བདུན་ལྷག་འབྱོར།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།