མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཐཱེ་ཁང་ཚེ་སྲོག་འགན་བཅོལ་མ་རྐང་ཚད་ཡོད་ཀུང་ཟི་གཉིས་ཀྱིས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་དྲུག་ཉིན་གྱི་སྔ་དྲོ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཐཱེ་ཁང་ཚེ་སྲོག་འགན་བཅོལ་མ་རྐང་ཚད་ཡོད་ཀུང་ཟི་གཉིས་ཀྱིས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་ཐཱེ་ཁང་ཚེ་སྲོག་འགན་བཅོལ་མ་རྐང་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་ཁྲིན་ཏུང་ཧྲིན་ལ་ཐུག་འཕྲད་བྱས་པར་མ་ཟད། མཉམ་དུ་གྲོས་མཐུན་བཀོད་པའི་མཛད་སྒོར་ཞུགས།

ཐུག་འཕྲད་བྱེད་སྐབས། ཧའོ་ཕིན་གྱིས་ཐཱེ་ཁང་ཚེ་སྲོག་འགན་བཅོལ་ཀུང་ཟི་བཙུགས་པའི་ཚུན་ནས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས། ཧའོ་ཕིན་གྱིས་བཤད་རྒྱུར། མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་ཧ་ཅང་གལ་ཆེ་ཞིང་། མི་རིགས་མང་པོ་འདུས་སྡོད་བྱེད་པ་དང། ཐོན་ཁུངས་ཕུན་སུམ་ཚོགས་ལ། རྗེས་སྤེལ་དགེ་མཚན་མངོན་གསལ་ཡིན་པས། ཉེ་བའི་ལོ་འགའི་རིང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོ་དང་ཕྱོགས་སོ་སོའི་རྒྱབ་སྐྱོར་ཆེན་པོའི་འོག ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་དེ། ཞིང་ཆེན་ཡོངས་ཀྱི་རྨང་གཞིའི་ཆ་རྐྱེན་ཉིན་བཞིན་འཐུས་ཚང་དུ་སོང་བ་དང་། དངུལ་གཏོང་ཁོར་ཡུག་སྔར་ལས་ཇེ་བཟང་དུ་སོང་ལ། འཕེལ་རྒྱས་ཀྱི་རྗེས་ཤུགས་རིམ་བཞིན་ཇེ་དྲག་ཏུ་གྱུར། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། མཚོ་སྔོན་གྱིས་གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་ཀྱི་འཕེལ་རྒྱས་འདུ་ཤེས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དབུལ་ཐར་མཁྲེགས་གཏོར། མི་རིགས་ས་ཁུལ་འཕེལ་རྒྱས་བྱ་བ་བརྟན་བརླིང་ངང་སྤེལ་ནས། འབྱོར་འབྲིང་སྤྱི་ཚོགས་དུས་ལྟར་ཡོངས་འགྲུབ་བྱེད་པར་ཁག་ཁེག་བྱས། མིག་སྔར། མཚོ་སྔོན་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་སྤྱི་བའི་ཞབས་ཞུ་སོགས་ཁྱབ་ཁོངས་སུ་ད་དུང་མི་འདང་ས་ཡོད་པ་དང་། ཐཱེ་ཁང་ཚེ་སྲོག་འགན་བཅོལ་ཚད་ཡོད་ཀུང་ཟིའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་ན། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་དམངས་ཚིས་ལེགས་སྒྱུར་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར། ཧའོ་ཕིན་གྱིས་ཕྱོགས་གཉིས་ཀྱིས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད་པ་དེ་གོ་སྐབས་སུ་བརྩིས་ནས། ཡུན་རིང་དང་གཏན་འཇགས། མཉམ་རྒྱལ་གྱི་འཐབ་ཇུས་མཉམ་ལས་འབྲེལ་བ་བཙུགས་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་རྒྱུའི་རེ་བ་བཏོན།

ཁྲིན་ཏུང་ཧྲིན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐཱེ་ཁང་ཚེ་སྲོག་འགན་བཅོལ་མཚོ་སྔོན་ནས་འཕེལ་རྒྱས་སུ་གཏོང་བའི་ཐད་ཁོར་ཡུག་བཟང་བོ་བསྐྲུན་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད་པ་ནི། རྒྱལ་ཁབ་ཀྱི་དེང་རབས་འགན་བཅོལ་ཞབས་ཞུ་ལས་རིགས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བའི་ཤུགས་ཡོད་བྱེད་ཐབས་ལག་བསྟར་བྱེད་པ་དེ་ཡིན་ལ། ཐཱེ་ཁང་ཚེ་སྲོག་འགན་བཅོལ་ཧུར་ཐག་གིས་མཚོ་སྔོན་གྱི་བཅོས་སྒྱུར་འཕེལ་རྒྱས་ཁྲོད་ཞུགས་པ་དང་། མཚོ་སྔོན་དུ་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ། མུ་མཐུད་དུ་ལས་སྒོའི་ཆུ་ཚད་དང་ཚོང་རའི་གཞི་ཁྱོན་མཐོར་འདེགས་བྱེད་པ། ཚེ་སྲོག་འགན་བཅོལ་དང་རྒྱུ་ནོར་དོ་དམ། སྨན་བཅོས་འགན་སྲུང་དང་རྒན་གསོ་སོགས་ཐད་ཀྱི་ལས་སྒོའི་ཁྱད་སྟོབས་འདོན་སྤེལ་བྱེད་པ། མཉམ་ལས་བྱེད་སྟངས་གསར་གཏོད་བྱེད་པ། མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་པ་བཅས་བྱས་ཏེ། ཐཱེ་ཁང་ཚེ་སྲོག་འགན་བཅོལ་དང་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་གཉིས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བ་མངོན་འགྱུར་བྱེད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཀོང་རོང་དང་ཐཱེ་ཁང་ཚེ་སྲོག་འགན་བཅོལ་མ་རྐང་ཚད་ཡོད་ཀུང་ཟིའི་ཙུང་ཚེའི་ལས་རོགས་པ་སུང་ཧོང་མའོ་གཉིས་ཀྱིས་མཉམ་ལས་སྒྲོམ་གཞི་གྲོས་མཐུན་བཀོད། །

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།