ཝང་གོ་ཧྲིན་གྱིས་ཟི་ལིང་གི་སློབ་གཉིས་བྱེད་གཅིག་སློབ་སྦྱོང་སློབ་གསོའི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་ནི། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་མཚོ་སྔོན་ནས་བྱ་བ་སྒྲུབ་མགོ་ཚུགས་པའི་ཉིན་དང་པོ་རེད། ཁོ་ཟི་ལིང་གྲོང་ཁྱེར་མཁར་དབུས་ས་ཁུལ་ནན་ཁྲོན་ནུབ་ལམ་གྱི་ཧྥུའུ་ལུའུ་ལམ་གཞིས་ཁུལ་དུ་སོང་ནས། སློབ་གཉིས་བྱེད་གཅིག་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། གཞི་རིམ་ཏང་ཡོན་མང་ཚོགས་རྣམས་དང་ལྷན་དུ་ཏང་བཙུགས་ནས་ལོ་འཁོར་གོ་ལྔ་ལོན་པའི་སྐྱེས་སྐར་ལ་རྟེན་འབྲེལ་ཞུས།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ། ཆེས་གལ་འགངས་ཆེ་ཤོས་ནི་ལངས་ཕྱོགས་ལྟ་བའི་བྱེད་ཐབས་ལ་གོ་བ་ཡང་དག་ལེན་དགོས་པ་དང་།གུང་ཁྲན་ཏང་ཡོན་ཚད་ལྡན་ཞིག་བྱེད་པར་འབད་པ་བྱེད་དགོས་ལ། ཆེས་གནད་འགག་ནི་མི་དམངས་མང་ཚོགས་ཀྱི་འདོད་བློ་སྐོང་རྒྱུ་དེ་ཡིན་ཟེར།

ནངས་སྔ་མོར་ཝང་གོ་ཧྲིན་ཧྥུའུ་ལུའུ་ལམ་གཞིས་ཁུལ་གྱི་ཞབས་ཞུའི་ཚོམས་ཆེན་དུ་སོང་ནས། དམངས་ལ་སྟབས་བདེ་བཟོ་བའི་ཞབས་ཞུའི་སྟེགས་བུར་རྟོག་ཞིབ་གསལ་བོ་བྱས་ཏེ། ཇི་ལྟར་བྱས་ནས་སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོ་སྤེལ་བ་དང་། ཏང་ཡོན་གྱི་ནུས་པ་འདོན་སྤེལ་བྱེད་པ། གུང་ཁྲན་ཏང་ཡོན་ཚད་ལྡན་ཞིག་བྱེད་པ། བྱིས་པ་གཉིས་གསོས་ཆོག་པའི་སྲིད་ཇུས་ལག་བསྟར་དངོས་འབེབས་བྱེད་པ། མང་ཚོགས་ལ་སྨན་བཅོས་བྱེད་པ། བྱིས་པ་མངགས་བཅོལ་སོགས་ཀྱི་དམངས་ཕན་ཞབས་ཞུ་བྱེད་པ། ཝང་གོ་ཧྲིན་གྱིས་གཞིས་ཁུལ་ལས་བྱེད་པ་དང་དམངས་ཕན་ཞབས་ཞུ་ཁང་དུ་ལས་དོན་སྒྲུབ་པར་ཡོང་བའི། མང་ཚོགས་རྣམས་དང་ལྷན་དུ་བསམ་བློ་བརྗེ་རེས་བྱས་པར་མ་ཟད། འདྲི་རྩད་ཞིབ་མོ་བྱས། གཞིས་ཁུལ་ཏང་ཀྲི་པུའུ་དང་ཟུང་དུ་སྦྲེལ་བའི་སྒོ་ནས་སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོ་སྤེལ་བཞིན་ཡོད་པ་དང་། གསུམ་དྲུག་ལྔའི་ཏང་གི་འཐུས་མིའི་གཞུང་སྒྲུབ་ཁང་དང་ཏང་ཡོན་གཟབ་ཉན་ཉིན་མོ། སྤོ་སྒུལ་ཞབས་ཞུ་ས་ཚིགས་སོགས་རྣམ་པ་སྣ་མང་གི་ཐབས་ཤེས་སྣ་མང་གཉེར་ནས། གཞིས་ཁུལ་སྡོད་དམངས་ལ་ལས་ཆོད་མཐོ་བའི་ཞབས་འདེགས་ཞུ་བཞིན་པ་ཤེས་རྗེས། ཝང་གོ་ཧྲིན་གྱིས་གཞིས་ཁུལ་གྱི་བྱ་བ་སྒྲུབ་སྟངས་ལ་གདེང་འཇོག་བྱས། ཁོས་བཤད་རྒྱུར། དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུ་བ་དེ་གཙོ་བོ་དོན་དག་གི་ཞིབ་ཕྲའི་སྟེང་ནས་བརྩེ་བ་ངོ་མ་མཚོན་ཐུབ་པ་ཡིན་ལ། དངོས་དོན་གྱི་སྟེང་ནས་ཕན་འབྲས་མཐོང་ཐུབ། སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོས་སློབ་ཀྱི་རིམ་པ་གཏིང་ཟབ་ཏུ་གཏོང་དགོས་པ་དང་། བྱེད་ཀྱི་དངོས་ཡོད་རང་བཞིན་བཟང་བོར་འཛིན་དགོས། ཞིབ་ཕྲའི་སྟེང་ནས་མངོན་དུ་འཇུག་དགོས། ཐོག་མཐའ་བར་གསུམ་ཀུན་ཏུ་མང་ཚོགས་ཀྱི་ཉེ་སར་བཅར་ནས། མང་ཚོགས་ཀྱི་ཆེད་དུ་དོན་དངོས་དང་དོན་བཟང་བསྒྲུབ་དགོས་པར་མ་ཟད། མང་ཚོགས་ཀྱི་དཀའ་ངལ་དང་དཀའ་ཁག་སེལ་རོགས་བྱས་ཏེ། ཏང་དང་སྲིད་གཞུང་གི་དྲོད་ཁོལ་གཞི་རིམ་མང་ཚོགས་ཀྱི་སེམས་ཁོངས་སུ་བསྐྱིལ་ཐུབ་དགོས་ཟེར།

གཞིས་ཁུལ་ཏང་ཀྲི་པུའུ་བྱ་འགུལ་ཁང་དུ་གཞིས་ཁུལ་གྱི་ཏང་ཡོན་བཅུ་གྲངས་ཁ་ཤས་ཀྱིས་ཏང་གི་སློབ་ཁྲིད་ཆུང་ངུ་སྤེལ་བཞིན་འདུག ཝང་གོ་ཧྲིན་ཏང་ཡོན་དེ་དག་གི་དཀྱིལ་ནས་བཙོག་སྟེ། གཞིས་ཁུལ་གྱི་སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས། ཏང་ཡོན་རྒན་པ་ཀྲུའུ་ཡུན་པིན་དང་ལིག་ཀྲུང་ཞོན་སོགས་ཀྱི་གཏམ་བཤད་ལ་ཉན་རྗེས། ཝང་གོ་ཧྲིན་གྱིས་ཏང་ཡོན་རྒན་པ་ཚོར། ལོ་འདི་འགའི་རིང་མཚོ་སྔོན་ལ་མཚོན་ན་འགྱུར་ལྡོག་ཆེ་ཤོས་དེ་གང་རེད། ཏང་དང་སྲིད་གཞུང་གི་བྱ་བར་བསམ་འཆར་ག་འདྲ་ཡོད་ཅེས་དྲིས་པ་ན། ཏང་ཡོན་རྣམས་ཀྱིས་ཏང་གི་མགོ་ཁྲིད་འོག་བྱུང་བའི་མཚོ་སྔོན་གྱི་འགྱུར་ལྡོག་ཆེ་གྲས་གླེང་ནས། ཏང་གི་དྲིན་ཚོར་བའི་བསམ་པ་མངོན་པར་བསྟན་པ་མ་ཟད། རིམ་པ་སོ་སོའི་མགོ་ཁྲིད་བློ་མཐུན་རྣམས་གཞི་རིམ་དུ་ཐེངས་གང་མང་ལ་ཡོང་ནས། མང་ཚོགས་རྣམས་ལ་དངོས་ཡོད་དཀའ་ངལ་སེལ་རོགས་བྱེད་རྒྱུའི་རེ་བ་བཏོན། ཏང་ཡོན་རྒན་པ་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས། ཝང་གོ་ཧྲིན་གྱིས་དེ་རིང་ནི་ང་མཚོ་སྔོན་དུ་ཡོང་ནས་ལས་ཀ་སྒྲུབ་པའི་ཉིན་དང་པོ་ཡིན་ལ། ངས་འདི་ནས་ཐོག་མར་མཚོ་སྔོན་མི་དམངས་ལ་ཐོ་འགོད་བྱས་པ་ཡིན་ཟེར། ཁོས་བསྟན་དོན། གུང་ཁྲན་ཏང་ཡོན་གྱིས་ངེས་པར་དོན་དངོས་གཉེར་དགོས་པ་ལས། རྫུན་བཟོ་གཏན་ནས་བྱེད་མི་རུང་། ཏང་ཡོན་མགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ཏང་གི་དགོངས་དོན་ཡིད་ལ་བརྟན་པོར་བཅངས་ཏེ། ལྷག་བསམ་རྣམ་དག་གིས་མང་ཚོགས་ལ་དོན་བཟང་བསྒྲུབ་པ་དང་། ས་གནས་ཀྱི་འཕེལ་རྒྱས་འགྱུར་ལྡོག་ལ་ཡར་སྐུལ་བཏང་བ་བརྒྱུད། མི་དམངས་མང་ཚོགས་ཀྱི་བཅོས་མིན་བརྩི་བཀུར་ཐོབ་རྒྱུ་དེ་ནི་གལ་ཆེན་པོ་ཡིན་ཟེར།

དེའི་རྗེས་ཝང་གོ་ཧྲིན་གྱིས་ཏང་ཡོན་རྒན་པ་དང་། དཀའ་ངལ་ཆེ་བའི་ཏང་ཡོན་ཀྲའོ་ཞིག་ལན་དང་ལིག་ཧྥིན་ཞང་གཉིས་ལ་འཚམས་འདྲི་བྱས།

ཝང་ཞའོ་དང་ཝང་ཡུས་པའོ་གཉིས་ཐེངས་འདིའི་གྲོས་ཚོགས་སུ་ཞུགས།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།