མཚོ་སྔོན་གྱི་གློག་བརྙན་འཁྲབ་ཁྲིད་པ་བཀྲ་ཤིས་ཆོས་འཕེལ་གྱི་བརྩམས་ཆོས《གངས་ལྷ་མེ་ཏོག》ལ་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་དངོས་བཤུས་གློག་བརྙན་གྱི་ཆེས་ལེགས་པའི་གྲོས་གཞིའི་བྱ་དགའ་ཐོབ་པ།

184418qbok3d8cw9w93oi5.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐབས19པའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་འཁྲབ་ཁྲིད་པ་བཀྲ་ཤིས་ཆོས་འཕེལ་གྱི་དངོས་བཤུས་གློག་བརྙན་བརྩམས་ཆོས《གངས་ལྷ་མེ་ཏོག》་ལ་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་དངོས་བཤུས་གློག་བརྙན་གྱི་ཆེས་ལེགས་པའི་གྲོས་གཞིའི་བྱ་དགའ་ཐོབ་པ་མ་ཟད། སྒོར་ཁྲི100ཡི་གློག་བརྙན་བཟོ་སྐྲུན་འགྲོ་གྲོན་གྱི་དམིགས་བསལ་རོགས་སྐྱོར་ཐོབ་ཡོད།

གཞན་ཡང་མཚོ་སྔོན་གྱི་བོད་རིགས་ན་གཞོན་འཁྲབ་ཁྲིད་པ་གདུག་དཀར་ཚེ་རིང་གི་བརྩམས་ཆོས《ལོ་བརྒྱ་ལ་སོན་པའི་ཁོ་ཚོ》ཞེས་པ་དེའང་ཆེས་ལེགས་པའི་གྲོས་གཞིའི་བྱ་དགའི་མིང་ཐོ་ནང་ཚུད་ཡོད།  

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།