མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་རྣམ་པ་གསར་བའི་གཞིས་ཁུལ་དོ་དམ་དང་ཞབས་ཕྱིའི་གསར་གཏོད་ཀྱི་སློབ་གསོ་དང་ཚན་རིག་ཞིབ་འཇུག་ལག་ལེན་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་མཚོ་སྔོན་ཞིང་ཆེན་སྲིད་འཛིན་སློབ་གླིང་། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་བཅས་ཀྱིས་རྣམ་པ་གསར་བའི་གཞིས་ཁུལ་དོ་དམ་དང་ཞབས་ཕྱིའི་གསར་གཏོད་ཀྱི་སློབ་གསོ་དང་ཚན་རིག་ཞིབ་འཇུག་ལག་ལེན་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་ཀོ་ཀྲེ་གྲོང་རྡལ་ནས་བསྡུས།

རྣམ་པ་གསར་བའི་གཞིས་ཁུལ་བཅོས་སྐྱོང་ནི་དེང་སྐབས་ངེས་པར་དུ་ཞིབ་འཇུག་བྱེད་པའི་དངོས་ཡོད་གནད་དོན་ཡིན། སློབ་གསོ་དང་ཚན་རིག་ཞིབ་འཇུག་རྟེན་གཞི་བཙུགས་རྗེས། ཏང་ཡོན་མགོ་ཁྲིད་ལས་བྱེད་པའི་གསོ་སྐྱོང་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གསོའི་ལས་འགན་ཁ་ཤས་དང་ལེན་བྱེད་ཐུབ། མཉམ་ལས་དང་ཞིབ་འཇུག་བྱེད་སྐབས་མཚོ་སྔོན་ཤར་ཕྱོགས་གྲོང་ཁྱེར་ཚོགས་འཛུགས་སྐྲུན་དང་ཐ་ན་ཞིང་ཆེན་ཡོངས་ཀྱི་གཞིས་ཁུལ་བཅོས་སྐྱོང་དགོས་མཁོ་ལ་དམིགས་ཏེ། སྟོབས་ཤུགས་རྩ་འཛུགས་བྱས་ནས་མདུན་སྐྱོད་རང་བཞིན་དང་ལག་བསྟར་རང་བཞིན་ལྡན་པའི་བསླབ་གཞི་ལ་ཞིབ་འཇུག་བྱེད་དགོས་པ་དང་། ཐབས་ཇུས་བློ་འདྲིའི་མཉམ་ལས་སྤེལ་སྐབས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་། དེ་མིན་འབྲེལ་ཡོད་ལས་ཁུངས་ཀྱིས་མངག་བཅོལ་བྱས་པའི་བློ་འདྲིའི་བསླབ་གཞི་མཉམ་དུ་དང་ལེན་བྱེད་དགོས་པ་དང་དགེ་རྒན་གྱིས་ཡུལ་དངོས་ནས་རྟོག་ཞིབ་ཞིབ་འཇུག་དང་འགན་འ྇ཁུར་ནས་སྦྱོང་བརྡར་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།