མཚོ་སྔོན་ཞིང་ཆེན་ཏང་ཨུའི་རོང་འབྲོག་ཁུལ་གྱི་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་ཞའོ་ཀང་སྡེ་བའི་ཞིང་སྡེ་བཅོས་བསྒྱུར་བཞུགས་མོལ་ཚོགས་འདུའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཆེད་དོན་སློབ་སྦྱོང་བྱས།

W020160425861080931580.jpg

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་ཞའོ་ཀང་སྡེ་བ་ནས་རྟོག་ཞིབ་བྱེད་བཞིན་པའི་ཚུལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རོང་འབྲོག་ཁུལ་གྱི་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་ཞའོ་ཀང་སྡེ་བའི་ཞིང་སྡེ་བཅོས་བསྒྱུར་བཞུགས་མོལ་ཚོགས་འདུའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཆེད་དོན་སློབ་སྦྱོང་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱེད་པར་ཞིབ་འཇུག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཞིང་ཆེན་ཏང་ཨུའི་རོང་འབྲོག་ཁུལ་གྱི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅོན་གྱིས་ཚོགས་འདུར་འགོ་འཛིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཧྲིན་ཀྲང་གཞོན་པ། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཀྲང་ཅན་མིན་དང་། ཧྲིན་ཀྲང་གཞོན་པ། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཡན་ཅིན་ཧའེ་བཅས་ཚོགས་འདུར་ཞུགས།

ཚོགས་འདུ་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་ཞའོ་ཀང་སྡེ་བའི་ཞིང་སྡེ་བཅོས་བསྒྱུར་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུངས་བཤད་གལ་ཆེན་གྱིས་ཏང་ཀྲུང་དབྱང་གི་སྔར་ལས་ལྷག་པའི་སྒོ་ནས་ཞིང་སྡེའི་བཅོས་བསྒྱུར་འཕེལ་རྒྱས་བརྟན་བརླིང་གི་འདུན་པ་དང་ཐག་གཅོད་མངོན་པར་མཚོན་ཡོད་ལ། མུ་མཐུད་དུ་ཞིང་ལས་དར་རྒྱས་དང་ཞིང་བར་གཟིགས་སྐྱོང་གི་སྲིད་ཇུས་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། གནས་བབ་གསར་བའི་འོག“ཞིང་གསུམ”བྱ་བ་ལེགས་པོར་སྒྲུབ་པར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན། ཞིང་ཆེན་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་དམིགས་ཏེ། བཅོས་བསྒྱུར་གྱི་བྱ་བ་གཙིགས་སུ་འཛིན་དགོས་པ་དང་འཕེལ་རྒྱས་ཀྱི་བྱ་བ་དངོས་འབེབས་བྱས་ཏེ། བརྟན་བརླིང་གི་བྱ་བ་ཞིབ་འབེབས་ཀྱིས་མཚོ་སྔོན་གྱི་ཞིང་གསུམ་བྱ་བ་ནམ་ཡིན་ཡང་ཡང་དག་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་ཁག་ཐེག་བྱེད་དགོས།

ཚོགས་འདུས་ནན་གྱིས་བསྟན་དོན། གསུངས་བཤད་གྱི་དགོངས་དོན་ངོ་བོ་དང་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་ཟབ་མོ་ལེན་དགོས། ནན་ཏན་གྱིས་ཞིང་བ་དང་ས་ཞིང་བར་གྱི་འབྲེལ་བ་དམ་འཛིན་བྱས་ཏེ་ཞིང་སྡེའི་གཞི་རྩའི་བདག་གཉེར་ལམ་ལུགས་ཀྱི་སྲིད་ཇུས་འཐུས་ཚང་དུ་བཏང་ནས། མུ་མཐུད་དུ་ཞིང་སྡེའི་ས་ཞིང་སྤྱི་ལ་དབང་བའི་ལམ་ལུགས་ལ་སྒུལ་བཅོས་དང་རྨོ་ཞིང་རྒྱ་ཁྱོན་ཇེ་ཆུང་། འབྲུ་རིགས་ཐོན་སྐྱེད་ནུས་ཤུགས་ཇེ་ཆུང་། ཞིང་བའི་ཁེ་ཕན་ལ་གནོད་སྐྱོན་བཅས་མི་བྱེད་པ་བཞི་རྒྱུན་འཁྱོངས་བྱེད་པ་དང་། ཞིང་སྡེའི་སྤྱི་དབང་རྒྱུ་ནོར་ཁྱིམ་ཚང་དང་མ་རྐང་མཉམ་ལས་ལ་དབང་བའི་ལམ་ལུགས་བཅོས་བསྒྱུར་དང་། གསར་དར་ཞིང་ལས་བདག་གཉེར་མ་ལག་གསར་འཛུགས་སོགས“གཙོ་གནད་དྲུག་གི་བཅོས་བསྒྱུར”གཙིགས་སུ་བཟུང་སྟེ། བློ་བརྟན་འགྱུར་མེད་ཀྱིས་ཞིང་སྡེའི་བཅོས་བསྒྱུར་གཏིང་ཟབ་སྤེལ་དགོས། ནན་ཏན་གྱིས་དེང་རབས་ཞིང་ལས་འཕེལ་རྒྱས་དང་ཞིང་བའི་ཡོང་སྒོ་ཇེ་མཐོ། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བཅས“ལས་འགན་ཆེན་པོ་གསུམ”རྒྱུན་འཁྱོངས་བྱས་ནས་ཐོན་ལས་མ་ལག་དང་ཐོན་སྐྱེད་མ་ལག བདག་གཉེར་མ་ལག་བཅས“མ་ལག་གསུམ”འཐུས་ཚང་དུ་བཏང་ནས་བློ་བརྟན་འགྱུར་མེད་ཀྱིས་ཞིང་སྡེའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། ནན་ཏན་སྒོས་དམངས་འཚོ་ལེགས་བཅོས་བྱེད་པའི་ཁ་ཕྱོགས་རྒྱུན་འཁྱོངས་ཀྱིས་གོ་རིམ་ལྡན་པའི་བཅོས་སྐྱོང་དང་ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། ཐོག་མ་ནས་བཅོས་སྐྱོང་བྱེད་པའི་འདུ་ཤེས་བཙུགས་ཏེ། གཞི་རིམ་ལས་བྱེད་དཔུང་སྡེ་འཛུགས་སྐྲུན་གཙིགས་འཛིན་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་ཞིང་སྡེའི་འཆམ་མཐུན་བརྟན་བརླིང་ལ་སྲུང་སྐྱོང་བྱེད་དགོས། །


རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།