ཐུན་ཏེ་རྫོང་ནས་ལས་བཟོ་བའི་དཔེ་མཛོད་ཁང་དངོས་སུ་བཙུགས་ནས་གྲུབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་ནས་ལས་བཟོ་བའི་དཔེ་མཛོད་ཁང་དངོས་སུ་བཙུགས་ནས་གྲུབ། གསར་དུ་བཙུགས་མ་ཐག་པའི་ལས་བཟོ་བའི་དཔེ་མཛོད་ཁང་དེ་ལ་ཁྱོན་བསྡོམས་མ་དངུལ་སྒོར་འབུམ་གསུམ་བཏང་བ་དང་། དེའི་ནང་དུ་བོད་ཡིག་གི་དེབ་སྟོང་གསུམ་དང་བདུན་བརྒྱ་ང་དྲུག་ཡོད་ཅིང་། དེའི་ཁྲོད་དུ་དངུལ་ལོར་དང་རྩོམ་རིག ལོ་རྒྱུས། གསོ་རིག་བདེ་ཐང་། ས་ཁམས་སོགས་ཀྱི་དཔེ་ཆའི་རིགས་བཅུ་གཉིས་ཡོད། དཔེ་མཛོད་ཁང་གྲུབ་པ་དེས། སྔར་ལས་ལྷག་པའི་སྒོ་ནས་ལས་བཟོ་བའི་ལས་ཞོར་འཚོ་བ་ཇེ་ལེགས་སུ་བཏང་ཡོད་པར་མ་ཟད། རྫོང་ཡོངས་ཀྱི་ཉིན་རེར་འཕེལ་རྒྱས་འགྲོ་བཞིན་པའི་ལས་བཟོ་བ་རྣམས་ཀྱི་བསམ་པའི་རིག་གནས་དགོས་མཁོ་ཡོངས་སུ་བསྐངས་ཡོད། །

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།