མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲོས་ཚོགས་སྟེང་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་རེ་བ་བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅ་ཝང་ཞའོ་ཡོང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲོས་ཚོགས་བསྡུས་ནས། རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་ནས་རེ་བ་བཏོན། ཏུང་ཁེ་ཅོན་དང་ཧོང་པད། ཡཱང་ཞོང་ཨེ། ཞིང་ཆེན་ཐད་གཏོགས་སྲིད་ཁྲིམས་སྡེ་ཁག་སོ་སོའི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས།

ཝང་ཞའོ་ཡོང་གིས་བསྟན་དོན། རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་ལ་བསམ་བློ་རང་བཞིན་དང་མཛུབ་སྟོན་རང་བཞིན། ཁ་གཏད་རང་བཞིན་ལྡན་པ་དང་། གནས་བབ་གསར་བའི་འོག་གི་སྲིད་ཁྲིམས་དཔུང་སྡེའི་འཛུགས་སྐྲུན་བྱ་བ་བཟང་བོ་བསྒྲུབ་པའི་ཐད་ཁ་ཕྱོགས་གསལ་བོ་བསྟན་པ་མ་ཟད་གཞི་འཛིན་ས་འདོན་སྤྲོད་བྱས། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཧྲུའུ་ཅི་མིན་ཅན་ཀྲུའུ་ཡི་གཏམ་བཤད་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་རྒྱུན་ལོན་གསལ་བོ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྲོས་ཚོགས་ཀྱི་རེ་བ་ལྟར་དུ། ལག་བསྟར་ནན་མོ་བྱེད་པར་དམ་འཛིན་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་ལ་རྩ་འཛུགས་དང་གྲ་སྒྲིག་ནན་མོ་བྱེད་པ་དང་། བརྟག་བཤེར་ཞིབ་འཇུག་གཏིང་ཟབ་སྤེལ་བ། གནད་དོན་གྱི་ཁ་ཕྱོགས་ལ་རྒྱུན་འཁྱོངས་བྱས་ནས། དཔུང་སྡེ་འཛུགས་སྐྲུན་ཁྲོད་གནས་པའི་གནད་དོན་ཐག་གཅོད་དགོས། ཁྲིམས་འཛིན་སྲིད་འཛིན་ཚད་ལྡན་ཅན་འཛུགས་སྐྲུན་དེ་བྱེད་ཐབས་གཙོ་བོར་བརྩིས་ནས། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། རིམ་པ་བཞིན་སྐུལ་སློང་བཀོད་སྒྲིག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་མ་ལག་གི་ཁྲིམས་འཛིན་སྲིད་འཛིན་ཚད་ལྡན་ཅན་འཛུགས་སྐྲུན་ལོའི་བྱ་འགུལ་གཏིང་ཟབ་ཅིང་བརྟན་བརླིང་ངང་སྤེལ་བར་ཁག་ཐེག་བྱེད་དགོས། སྲིད་ཁྲིམས་མ་ལག་གི་བདེ་འཇགས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། གཏན་འཇགས་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་སྡེ་ཁག་གིས་སྲིད་ཁྲིམས་འབྲེལ་ཡོད་སྡེ་ཁག་སོ་སོ་དང་མཉམ་དུ། རིགས་མི་འདྲ་བའི་ཉེན་ཁར་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་པ་དང་། དུས་ལྟར་ཉེན་ཁར་སྔོན་དཔོག་གདེང་འཇོག་བྱེད་པ། རིམ་པ་བཞིན་འགན་འཁྲི་གསལ་བོ་བྱེད་པ། ཁ་གཏད་རང་བཞིན་གྱི་བྱེད་ཐབས་ལག་བསྟར་བྱས་ནས། སྟོབས་ཤུགས་ཡོད་རྒུས་སྤྱི་ཚོགས་ཡོངས་ཀྱི་རྒྱུན་མཐུད་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

ཚོགས་ཐོག་ནས་ད་དུང་གཉིས་སློབ་གཅིག་བྱེད་ཀྱི་སློབ་སྦྱོང་སློབ་གསོ་ལ་དམ་འཛིན་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་མིག་སྔའི་བྱ་བ་གཙོ་བོ་བཟང་བོ་སྒྲུབ་པའི་ཐད་ནས་རེ་བ་བཏོན།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།