ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་ཉིས་སྟོང་བཅུ་དྲུག་ལོའི་མཚོ་བོད་གཉེན་སྒྲིག་ཐོན་ལས་དངོས་མང་འགྲེམ་སྟོན་ཚོགས་འདུའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཤེས་གསལ་བྱུང་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་འགྲེམ་ཚོགས་ལ་མཚོ་སྔོན་ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གཉེན་སྟོན་གུས་སྲོལ་མཛད་སྒོའི་ལས་རིགས་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱེད་རྒྱུ་ཡིན་ལ། མཚོ་སྔོན་ཞིང་ཆེན་ཟི་ཁྲོན་ཚོང་ཚོགས་དང་ཟི་ལིང་ཡེའོ་ལེ་འགྲེམ་ཚོགས་ཞབས་ཞུ་ཚད་ཡོད་ཀུང་ཟིས་འགན་སྒྲུབ་བྱེད་རྒྱུ་ཡིན་ལ། ཟླ་བདུན་པའི་ཚེས་གཉིས་ནས་ཚེས་བཞི་ཉིན་བར་དུ་མཚོ་སྔོན་རྒྱལ་སྤྱི་འགྲེམ་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་བསྡུ་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གཉེན་སྒྲིག་དངོས་མང་འགྲེམ་ཚོགས་ཀྱི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ཁྲི་གཉིས་དང་སྟོང་བཞི་བཞི་བརྒྱ་ཡོད་ལ། ཚད་ལྡན་འགྲེམ་གནས་བརྒྱད་བརྒྱ་ལྷག་ཡོད། གསར་སྒྲིག་གཉེན་སྟོན་ལ་མཁོ་བའི་ཁྱིམ་ཆས་དང་རྒྱུ་ཆ། མཉམ་པར་རྒྱག་ས་སོགས་མཁོ་ཆས་ཚང་མ་འཛོམས་པའི་སྤུས་དག་དངོས་པོ་བཙོངས་གནས་མང་པོ་བཀར་ཡོད།
རྩོམ་སྒྲིག་པ། ཀླུ་མོ་མཚོ།
མཚོ་སྔོན་གྱིས་མཚོ་བོད་གཉེན་སྒྲིག་ཐོན་ལས་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་དང་བོ་བསྡུ་རྒྱུ་རེད།