ཁོང་ཡུང་གིས་མཚོ་སྔོན་གྱི་འགྲོ་འོང་མངའ་ཁོངས་ཀྱི་ཞིབ་བཤེར་དང་ནད་ཡམས་བརྟག་དཔྱད་ཅུའུ་ཡི་བྱ་བར་རྟོག་ཞིབ་བྱས།

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་ཚེས་ཉེར་གསུམ་ཉིན་མཚོ་སྔོན་གྱི་འགྲོ་འོང་མངའ་ཁོངས་ཀྱི་ཞིབ་བཤེར་དང་ནད་ཡམས་བརྟག་དཔྱད་ཅུའུ་ཡི་བྱ་བར་རྟོག་ཞིབ་བྱས།

      ཁོང་ཡུང་གིས་བསྟན་དོན། ཞིབ་བཤེར་དང་ནད་ཡམས་བརྟག་དཔྱད་བྱེད་པ་དེས་རྒྱལ་ཁབ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གལ་ཆེན་ཁུར་ཡོད་པས། འདས་པའི་ལོ་གཅིག་གི་རིང་ལ་འགན་འཁྲི་ལག་བསྟར་དང་། རང་འགུལ་གྱི་བྱ་བ་བསྒྲུབས་ནས། ནུས་བ་ཡོད་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་འཕེལ་རྒྱས་ཡར་སྐུལ་བྱས་པ་དང་། ནུས་བ་ཡོད་པའི་སྒོ་ནས་རབ་མཛེས་མཚོ་སྔོན་གྱི་རྒྱལ་སྲུང་བདེ་འཇགས་འགན་སྲུང་བྱས་ནས། ཕན་འབྲས་ལྡན་པའི་སྒོ་ནས་མཚོ་སྔོན་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་སྣང་བརྙན་ཇེ་མཐོར་བཏང་། ལོ་གསར་བའི་ནང་དུ་སྟོབས་ཤུགས་ཡོད་རྒུས་རྒྱུ་སྤུས་དམ་འཛིན་དང་། རྨང་གཞི་ཇེ་བརྟན། སྒོ་འབྱེད་ཡར་སྐུལ། བདེ་འཇགས་འགན་སྲུང་བཅས་བྱས་ཏེ། མཚོ་སྔོན་གྱི་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྔར་ལས་བྱས་རྗེས་འཇོག་དགོས་ཟེར།

       ཁོང་ཡུང་གིས་ཞིབ་བཤེར་དང་ནད་ཡམས་བརྟག་དཔྱད་སྡེ་ཁག་གིས་ལག་རྩལ་ཁྱད་སྟོབས་དང་ཆ་འཕྲིན་ཁྱད་སྟོབས་བཟང་བོ་གང་ལེགས་སྒོས་འདོན་སྤེལ་བྱས་ནས། ཤུགས་ཆེན་པོས་རྒྱུ་སྤུས་ཇེ་མཐོར་གཏོང་བའི་བཟོ་སྐྲུན་སྤེལ་དགོས་པ་དང་། མཚོ་སྔོན་རྒྱུུ་སྤུས་འཕེལ་རྒྱས་དེ་མྱུར་ཚད་ནས་ཕན་འབྲས་ལྡན་པའི་ཚུལ་བསྒྱུར་བྱ་བར་ཡར་སྐུལ་བྱེད་དགོས་པའི་རེ་བ་བཏོན།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།