ལེ་ཏུའུ་ས་ཁུལ་གྱིས“འགྲོ་གྲོན་མེད་པའི་སློབ་གསོའི་འཆར་གཞི” ལག་བསྟར་བྱེད་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ལེ་ཏུའུ་ས་ཁུལ་གྱིས2016ལོའི་དཔྱིད་ཀའི་སློབ་འགོ་བརྩམས་པ་ནས་བཟུང་། ལོ་བཅོ་ལྔར་རིན་མེད་སློབ་གསོ་མྱོང་རྒྱུ་དང“རྨང་གཞི་གསར་བ་གཉིས”ཀྱི་ལས་གཞི་ཞིང་ཆེན་ཡོངས་ལས་ཐོག་མར་ལག་བསྟར་བྱེད་རྒྱུ་རེད། སློབ་སྔོན་སློབ་གསོ་དང་ལོ་དགུའི་འོས་འགན་སློབ་གསོ། མཐོ་འབྲིང་སྐབས་ཀྱི་འགྲོ་གྲོན་ཐམས་ཅད་མེད་པར་བཟོས་ཏེ་འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་སུ་བཏང་ནས་ལོ་བཅོ་ལྔའི་སློབ་གསོ་ཁྱབ་བརྡལ་དུ་གཏོང་རྒྱུ་རེད།

ད་ལོར། ལེ་ཏུའུ་ས་ཁུལ་གྱི་ཏང་ཨུ་དང་སྲིད་གཞུང་གཉིས་ཀྱིས་མཉམ་འབྲེལ་གྱིས་དབུལ་སྐྱོར་བྱ་བ་ལེགས་པོར་སྒྲུབ་པ་དང་ནོར་སྲིད་དཀའ་ཁག་ཆེ་བའི་གནས་ཚུལ་འོག་ཐག་གཅོད་གལ་ཆེན་བཟོས་ཡོད་པ་སྟེ། ས་ཁུལ་ནོར་སྲིད་ཀྱིས་ལོ་རེར་མ་དངུལ་ཁྲི2800བཏང་ནས། “3+9+3”སློབ་གསོ་འཆར་གཞི་ལག་བསྟར་བྱེད་རྒྱུ་དང་།  སྔོན་གྱི་ལོ་དགུའི་འོས་འགན་སློབ་གསོའི་རྨང་གཞི་ལག་བསྟར་བྱས་པའི་སྟེང་། ས་ཁུལ་ཡོངས་ཀྱི་སློབ་སྔོན་སློབ་གསོ་དང་མཐོ་འབྲིང་སློབ་གསོ་བཅས་ཀྱི་སློབ་གསོའི་འགྲོ་གྲོན་མེད་པར་གཏོང་རྒྱུ་རེད། 

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།