ཝང་ཞའོ་ཡུང་དང་ཧན་ཅན་ཧྭ་གཉིས་ཀྱིས་རྒྱ་ལོ་སྨོན་ལམ་སྐབས་ཀྱི་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་མཇལ་གྱི་བདེ་སྲུང་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཞའོ་ཡུང་དང་། ཧྲིན་ཀྲང་གཞོན་པ་ཧན་ཅན་ཧྭ་གཉིས་ཧོང་ཀྲུང་རྫོང་རུ་གསར་གྲོང་རྡལ་དུ་སོང་ནས། རྒྱ་ལོའི་སྨོན་ལམ་སྐབས་ཀྱི་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་མཇལ་ཐད་ཀྱི་བདེ་སྲུང་བྱ་བར་ཞིབ་བཤེར་དང་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་། ཡུལ་དངོས་སུ་ལས་རེས་བྱེད་པའི་མི་དམངས་ཉེན་རྟོག་པ་དང་མེ་གསོད་དྲག་ཆས་ཉེན་རྟོག་དམག་དཔུང་། ལས་བྱེད་མི་སྣ་བཅས་ལ་འཚམས་འདྲི་བྱས།

ཝང་ཞའོ་ཡུང་དང་ཧན་ཅན་ཧྭ་གཉིས་ཀྱིས་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་དང་ཧོང་ཀྲུང་རྫོང་སྲིང་གཞུང་། སྐུ་འབུམ་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཀྱི་རྒྱ་ལོའི་སྨོན་ལམ་སྐབས་ཀྱི་མེ་ཏོག་མཆོད་མཇལ་ཐད་ཀྱི་གྲྭ་སྒྲིག་གནས་ཚུལ་གྱི་སྙན་ཞུ་ཉན་པ་དང་། བདེ་སྲུང་བྱ་བའི་འཕྲལ་བསྟུན་བྱེད་ཐབས་དང་ཉེན་རྟོག་པའི་བཀོད་སྒྲིག་གནས་ཚུལ་ལ་ལྟ་ཞིབ་བྱས། ཝང་ཞའོ་ཡུང་དང་ཧན་ཅན་ཧྭ་གཉིས་ཀྱིས་བསྟན་དོན། རྒྱ་ལོའི་སྨོན་ལས་སྐབས་ཀྱི་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པའི་ལོ་རྒྱུས་རིང་ཞིང་མིང་གྲགས་ཧ་ཅང་ཆེ་བའི་རྐྱེན་གྱིས། རྒྱལ་ཡོངས་ས་ཆ་སོ་སོའི་གནས་སྐོར་བ་དང་རང་ས་གནས་ཀྱི་མང་ཚོགས་མང་པོ་མཇལ་སྐོར་ལ་ཡོངས་སྲིད་པ་དང་། སྐབས་དེར་འགྲོ་ཡོང་གི་མི་ཧ་ཅང་མང་བས། བདེ་འཇགས་དོན་རྐྱེན་དང་གཏན་འཇགས་མིན་པའི་དོན་རྐྱེན་བྱུང་སླ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱ་ལོའི་སྨོན་ལམ་སྐབས་ཀྱི་སྐུ་འུབམ་དགོན་པའི་མེ་ཏོག་མཆོད་པའི་འགྲེམ་སྟོན་བཟང་བོ་བྱེད་པའི་ཐད་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་མ་ཟད། རེ་བ་གསལ་བོ་བཏོན། སྐུ་འབུམ་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་དང་ཐེངས་འདིའི་བདེ་སྲུང་བྱ་བའི་ཁྲོད་ཞུགས་པའི་སྡེ་ཁག་སོ་སོས་ངེས་པར་དུ་སྟོབས་ཤུགས་ཡོད་རྒུ་འདོན་པ་དང་། ཉམས་མྱོང་ལམ་ལུགས་དང་བཏང་ལྷོད་ཀྱི་བསམ་བློ་ཁྱད་སེལ་བྱས་ཏེ། བཀོད་སྒྲིག་བཟང་བོ་བྱེད་པ་དང་ཇུས་གཞི་ཞིབ་མོ་འདོན་པ། མཉམ་འགུལ་ལ་ཤུགས་སྣོན་པ། འགན་བཟང་བོ་འཁུར་ནས། རྡོག་བརྫིས་དང་འགྲིམ་འགྲུལ་སྐྱེལ་འདྲེན། མེ་གསོད་མེ་འགོག་སོགས་ཀྱི་བདེ་འཇགས་དོན་རྐྱེན་ཆེན་པོ་དང་ཚོགས་ཁག་རང་བཞིན་གྱི་དོན་རྐྱེན་འབྱུང་བར་བཀག་འགོག་ནན་མོ་བྱས་ཏེ། རྒྱ་ཆེའི་མང་ཚོགས་དང་གནས་སྐོར་བ་ཚོས་སྐུ་འབུམ་དགོན་པ་ནས་སྤྲོ་སྐྱིད་ལྡན་པའི་དུས་ཆེན་ཞིག་རོལ་བར་ཁག་ཐེག་བྱེད་དགོས་བའི་རེ་བ་བཏོན།

ཝང་ཞའོ་ཡུང་དང་ཧན་ཅན་ཧྭ་གཉིས་ཀྱིས་ད་དུང་ཧྲུའུ་ཅི་ལོ་ཧོས་ཉིན་དང་ཧྲིན་ཀྲང་ཧའོ་ཕིན་གཉིས་ཀྱི་ཚབ་བྱས་ཏེ་མེ་ཏོག་མཆོད་མཇལ་གྱི་བདེ་སྲུང་བྱ་བའི་ཐད་ཞུགས་པའི་རྒྱ་ཆེའི་སྤྱི་བདེ་ཉེན་རྟོག་པ་དང་མེ་གསོད་དྲག་ཆས་ཉེན་རྟོག་དཔོན་དམག ཕྱོགས་བསྡུས་བཅོས་སྐྱོང་དང་གཏན་འཇགས་སྲུང་སྐྱོབ་ཐད་ཀྱི་ལས་བྱེད་པ། སྐུ་འབུམ་དགོན་པའི་གྲྭ་བཙུན་ཡོངས་ལ་འཚམས་འདྲི་བྱས།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།