མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་ང་དྲུག་པ་བསྡུས་ཏེ། མི་རིགས་སློབ་གསོའི་བཅོས་བསྒྱུར་འཕེལ་རྒྱས་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། རྩིས་བཤེར་བྱ་བར་ཤུགས་སྣོན་པ། ཚོང་དོན་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་སོགས་ཀྱི་དོན་བྱར་ཞིབ་འཇུག་བྱས།

ཚོགས་ཐོག་ནས་བསྟན་དོན། ནམ་ཡང་མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་བསམ་བློ་དང་རྩ་བའི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ནས།མགྱོགས་མྱུར་སྒོས་མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་སློབ་གསོ་བཅོས་བསྒྱུར་བྱེད་པ་དང་འཕེལ་རྒྱས་སུ་གཏོང་དགོས། ཏང་གི་སློབ་གསོའི་བྱེད་ཕྱོགས་དང་མི་རིགས་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁྲིམས་ལྟར་སློབ་གསོར་བཅོས་སྐྱོང་བྱེད་པར་རྒྱུན་འཁྱོངས་བྱེད་པ། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བ་རྩ་བར་བྱེད་པ། མི་རིགས་སོ་སོའི་སློབ་མའི་ཚན་རིག་རིག་གནས་བྱང་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བྱས་ཏེ། ཀུན་སྤྱོད་དང་ཤེས་རིག ལུས་རྩལ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚད་མཐུན་འཛུགས་སྐྲུན་པ་དང་རྒྱུད་འཛིན་པ་སྐྱེད་བསྲིང་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། རྩིས་བཤེར་ལྟ་སྐུལ་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་གི་གྲུབ་ཆ་གཙོ་བོ་ཡིན་ལ། སྲིད་གཞུང་གི་འགན་ནུས་བསྒྱུར་བའི་དགོས་མཁོ་ཡང་ཡིན། ཞིང་ཆེན་ཡོངས་ཀྱི་རྩིས་བཤེར་མ་ལག་གིས་ལོ་རྒྱུས་འདུ་ཤེས་དང་འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རྩིས་བཤེར་ཐད་ཀྱི་ལྟ་སྐུལ་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་ཤུགས་དང་། ནོར་སྲིད་མ་དངུལ་དོ་དམ་དང་བཀོལ་སྤྱོད་བྱེད་ཤུགས། དམངས་ཚིས་ལས་གཞི་དང་དམངས་ཚིས་ཆེད་སྤྱོད་མ་དངུལ་བཀོལ་སྤྱོད་བྱེད་ཤུགས། དངུལ་གཏོང་ལས་གཞི་གལ་ཆེན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་གཞི་དང་མ་དངུལ་གྱི་རྩིས་བཤེར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། རྩིས་བཤེར་བཅོས་བསྒྱུར་གསར་གཏོད་ལ་ཤུགས་སྣོན་པ། རྩིས་བཤེར་དག་བཅོས་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། དག་བཅོས་ལྟ་སྐུལ་ཐད་ཀྱི་ཞིབ་བཤེར་ལ་ཤུགས་སྣོན་པ། ཁྱབ་ཁོངས་གཙོ་བོའི་རྩིས་བཤེར་ལྟ་སྐུལ་ཁྱོན་ཡོངས་ལ་ཁེབས་པར་སྐུལ་འདེད་བྱེད་པ། རྩིས་བཤེར་ལྟ་སྐུལ་རིམ་པ་དང་ཆུ་ཚད་རྒྱུན་མཐུད་དེ་མཐོར་འདེགས་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། མིག་སྔར་ཞིང་ཆེན་ཡོངས་ཀྱི་ཚོང་ར་གཙོ་བོ་ཇེ་མང་དུ་སོང་བ་དང་། ཁེ་ལས་ཀྱི་ཚོང་གཉེར་བར་གསེང་དང་བྱ་འགུལ་ཁྱབ་ཁོངས་སྔར་ལས་ཇེ་ཆེ་ནས་ཇེ་ཆེར་སོང་བ་དང་། རང་བདག་རང་བཞིན་སྔར་ལས་ཇེ་དྲག་ཏུ་སོང་ལ། ཚོང་གཉེར་རྣམ་པ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་སོང་ཡོད་པས། ངེས་པར་དུ་དབང་ཆ་དང་འགན་འཁྲི་གཏན་ཁེལ་བྱེད་པ་དང་ཕྱིར་སྒྲོག་དང་ཕན་ཡོད་ཀྱི་དོན་དག་བསྒྲུབ་བཞིན་པའི་སྐབས་དང་དོན་དག་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་རྐྱེན་སྲོལ་འཚོལ་ཞིབ་དང་རྐྱེན་སྲོལ་གྲུབ་པར་བྱེད་པ་དང་། འདྲ་མཉམ་སྒོས་འགྲན་རྩོད་བྱེད་པའི་ཚོང་རའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་དགོས་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།