ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གྱིས་ཚེས་གསུམ་ཉིན་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིའི་བྱ་བར་རྟོག་ཞིབ་བྱས་ནས། གློག་ཤུགས་བཀོད་སྒྲིག་ཚོད་འཛིན་ལྟེ་གནས་ལ་རྟོག་ཞིབ་བྱས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་གློག་དྲ་འཛུགས་སྐྲུན་དང་འཁོར་རྒྱུག་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས།

ཡར་ཞུར་ཉན་རྗེས། ཝང་ལིས་མེན་གྱིས་ཞིང་ཆེན་གློག་ཤུགས་ཀུང་ཟིས་གློག་དྲ་འཛུགས་སྐྲུན་བྱ་བ་སྤེལ་བ་དང་། གློག་འདོན་པའི་བདེ་འཇགས་བྱ་བར་འགན་སྲུང་སོགས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གློག་དྲས་ཡུན་རིང་འཕེལ་རྒྱས་དང་། མཚོ་བོད་མཉམ་འབྲེལ་དྲ་སྦྲེལ་དང་། ཡུས་ཧྲུའུ་དྲ་སྦྲེལ། ཞིན་ཅང་དང་ནུབ་བྱང་གི་དྲ་སྦྲེལ་གཙོ་བོའི་འདྲེན་ལམ་གཉིས་པའི་བཟོ་སྐྲུན་སོགས་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱས་ནས་བཀོལ་སྤྱོད་བྱས་པ་དང་། རིག་ནུས་གློག་དྲ་འཛུགས་སྐྲུན་དང་ཉི་འོད་ནུས་པའི་ནུས་ཁུངས་འདོན་པའི་ཐད་ལ་གྲུབ་འབྲས་ཆེན་པོ་བླངས་ནས། གློག་མེད་པའི་ས་ཁུལ་གྱི་མང་ཚོགས་ཀྱིས་གློག་བཀོལ་དཀའ་བའི་གནད་དོན་ཐག་བཅད་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་འཇགས་ངང་འཕེལ་རྒྱས་སུ་གཏོང་བར་ནུས་ཁུངས་ཐད་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཟེར།

ཝང་ལིས་མེན་གྱིས་ནན་གྱིས་བསྟན་དོན། དེང་སྐབས་དཔལ་འབྱོར་གནས་བབ་ཛ་དྲག་ཆེ་ཞིང་རྙོག་འཛིང་ཡིན་པས། ཐོན་ཚད་བརྟན་འཇགས་ངང་འཕར་སྣོན་གཏོང་བའི་ལས་འགན་ལྗིད། དེས་གློག་ཤུགས་འགན་སྲུང་བྱ་བར་སྔར་ལས་མཐོ་བའི་རེ་བ་གསར་བ་མང་པོ་བཏོན་ཡོད་པས། ཞིང་ཆེན་གློག་ཤུགས་ཀུང་ཟིས་མུ་མཐུད་དུ་གློག་འདོན་འདྲེན་ལམ་འཛུགས་སྐྲུན་བྱེད་པའི་བྱ་བ་མྱུར་དུ་སྤེལ་བ་དང་། གློག་སྣེ་མཉམ་ལས་ཀྱི་རྣམ་པ་ཆགས་པར་བྱེད་པ། ཕན་འབྲས་ལྡན་པའི་སྒོ་ནས་མཚོ་སྔོན་གྱི་ཁྱད་སྟོབས་ནུས་ཁུངས་ཐོན་ཁུངས་སྔོག་འདོན་བྱེད་པ། གློག་ཤུགས་མ་ལག་བཅོས་སྒྱུར་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་ནས། གློག་དྲ་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་མྱུར་དུ་བསྒྱུར་དགོས་པ་དང་། ཧུར་ཐག་སྒོས་འཁོར་རྒྱུག་མ་རྩ་ཇེ་དམའ་རུ་གཏོང་བ་དང་། ཞབས་ཞུའི་འགན་སྲུང་བྱ་བ་ཇེ་བཟང་དུ་བཏང་ནས། སྟོབས་ཤུགས་ཡོད་རྒུས་གློག་ཤུགས་ཐད་ཀར་དུ་ཉོ་ཚོང་བྱེད་པར་ཚོད་ལྟ་བྱེད་དགོས་པ་དང་། བཟོ་ལས་བརྟན་འཇགས་ངང་འཕར་སྣོན་གཏོང་བར་སྲུང་འཛིན་བྱེད་པའི་ཐད་ལ་བྱས་རྗེས་མང་པོ་འཇོག་དགོས་པའི་ཞོར་དུ། ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གིས་གློག་དྲ་འཛུགས་སྐྲུན་བྱེད་པའི་ཐད་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། མཉམ་དུ་མཚོ་སྔོན་གློག་དྲ་བརྟན་འཇགས་དང་སྐྱོན་བྲལ་བའི་ངང་འཕེལ་རྒྱས་སུ་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།