ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ན་ནིང་ནས་བཟུང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་ཕྱུགས་ལས་ཀྱི་འཛུགས་སྐྲུན་ལས་གཞི་དེ་རོང་འབྲོག་ཁུལ་དབུལ་ཕོངས་ལས་ཐར་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་ལས་འགན་གཙོ་བོར་བརྩིས་ནས། ལས་གཞིར་བརྟེན་ནས་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་འགྲོ་བར་སྐུལ་འདེད་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། ན་ནིང་ལོ་འགོར་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་རིམ་པའི་ནོར་སྲིད་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་བྱས་པའི་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་ཕྱུགས་ཟོག་གི་རྒྱུད་བཟང་སྤེལ་བ་དང་ཞིང་ལས་འཕྲུལ་ཆས་ཡོ་བྱད་ཉོ་སྒྲུབ་བྱེད་པ་སོགས་ལས་གཞི་བཅུ་བདུན་ལག་བསྟར་བྱས། རྒྱལ་ཁབ་ཞིང་ལས་པུའུ་ཡི་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་དང་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་ལས་གཞི་བདུན་བརྩོན་ལེན་བྱས་པ་དང་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་ལྔ་ཡིན། དེ་དང་མཉམ་དུ་ཡུས་ཧྲུའུ་ཁུལ་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་ཞིང་ཕྱུགས་ལས་འཕེལ་རྒྱས་འཆར་འགོད་དང་ཕྱུགས་ལས་འཕེལ་རྒྱས་འཆར་འགོད། འདེབས་འཛུགས་ལས་རིགས་འཕེལ་རྒྱས་འཆར་འགོད་སོགས་ཚན་རིག་གི་འཆར་འགོད་ སྒྲིག་བཟོ་བྱས།

ཉིས་སྟོང་བཅུ་དྲུག་ལོར། ཡུས་ཧྲུའུ་ཁུལ་གྱིས་ལག་བསྟར་བྱེད་པར་རེ་བ་ཡོད་པའི་ལས་གཞི་ལ་སྐྱེ་ཁམས་ཕྱུགས་ལས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་རོགས་སྐྱོར་བྱ་དགའི་རྗེས་མཐུད་ཐོན་ལས་འཕེལ་རྒྱས་ལས་གཞི་སོགས་ཡོད་ལ་སྔོན་རྩིས་བྱས་ན་སྤྱིའི་མ་དངུལ་སྒོར་དུང་ཕྱུར་ལྔ་ལས་བརྒལ་བ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།