ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འགྲིམ་འགྲིལ་སྐྱེལ་འདྲེན་ཅུའུ་དང་ཧྲན་ཏུང་ཨར་ལས་བཟོ་སྐྲུན་སློབ་ཆེན་འགྲིམ་འགྲུལ་བཟོ་སྐྲུན་སློབ་གླིང་གཉིས་ཀྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་འགོད་པའི་མཛད་སྒོ་ཉེ་ལམ་ནུབ་མཚོ་གྲོང་བརྡལ་ནས་བསྡུས། ཧྲན་ཏུང་ཨར་ལས་སློབ་ཆེན་འགྲིམ་འགྲུལ་བཟོ་སྐྲུན་སློབ་གླིང་དེ་མཚོ་བྱང་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ཡི་ཚན་རིག་ཞིབ་འཇུག་གི་སྤྱི་བའི་ཞབས་ཞུའི་སྟེགས་བུ་ཡིན་པའི་ཆ་ནས། ནམ་ཡང་མཚོ་བྱང་གི་འགྲིམ་འགྲུལ་འཛུགས་སྐྲུན་དང་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཐད་སྟོབས་ཤུགས་འདོན་པ་མ་ཟད། མཚོ་བྱང་འགྲིམ་འགྲུལ་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྤྱིའི་འཐབ་ཇུས་དང་འཕེལ་རྒྱས་དམིགས་འབེན་ལ་དམིགས་པ་དང་། མཚོ་བྱང་འགྲིམ་འགྲུལ་གྱི་ལག་རྩལ་དགོས་མཁོ་དང་གཞོགས་འདེགས་དམ་ཟབ་བྱས་ནས། ཤེས་ལྡན་མི་སྣ་དང་ཚན་རྩལ་གཅིག་བསྡུས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་པས། མཚོ་བྱང་འགྲིམ་འགྲུལ་གྱི་ཚན་རྩལ་གསར་གཏོད་ཀྱི་མགོ་ཁུངས་དང་ཚན་རིགས་ཇུས་ཆོད་ཀྱི་རིག་མཛོད་དུ་གྱུར་ཡོད། མཉམ་ལས་སྐབས་སུ། ཧྲན་ཏུང་ཨར་ལས་སློབ་ཆེན་འགྲིམ་འགྲུལ་བཟོ་སྐྲུན་སློབ་གླིང་གིས་མཚོ་བྱང་ཁུལ་གྱི་འགྲིམ་འགྲུལ་ལ་ཞབས་འདེགས་ཞུ་བའི་རིག་མཛོད་སྟེགས་བུ་དང་ལག་རྩལ་གཅིག་བསྡུས་ཀྱི་བཀོལ་སྤྱོད་བྱེད་པའི་སྟེགས་བུ་བཙུགས་ནས། དགོས་མཁོ་ལྟར་དུ་ཆེད་མཁས་པ་རྩ་འཛུགས་བྱས་ནས། མཚོ་བྱང་གི་འགྲིམ་འགྲུལ་འཆར་འགོད་དང་བཟོ་སྐྲུན་ཇུས་འགོད། བཟོ་སྐྲུན་འཛུགས་སྐྲུན། བཀོལ་སྤྱོད་དོ་དམ་སོགས་ཀྱི་ཐད་ཇུས་ཆོད་བློ་འདྲི་དང་རིགས་པའི་ཁུངས་སྣེ། རིག་སྟོབས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།