ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གིས་དམངས་སྲིད་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་ནི་དམངས་ཚོས་འགན་སྲུང་ཆུ་ཚད་ཇེ་མཐོར་གཏོང་བའི་བརྒྱུད་ལམ་གལ་ཆེན་ཞིག་ལ་བརྩིས་ཏེ། མ་དངུལ་གཏོང་ཤུགས་བར་མ་ཆད་པའི་ངང་ཇེ་མཐོར་བཏང་བ་ལས་གཞན།ད་དུང་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་བརྒྱད་ས་ཡ་དྲུག་ལྷག་ཆེད་དུ་བཀོད་སྒྲིག་བྱས་པ་བརྒྱུད་དེ། གཞི་ནས་རྒན་གསོའི་ཞབས་ཞུ་དང་བྱིས་པའི་ཕན་བདེ་ལས་གཞི། གཞིས་ཁུལ་འཛུགས་སྐྲུན། དངོས་ཟོག་གསོག་ཉར་ཁང་སོགས་ཁྱོན་བསྡོམས་དམངས་སྲིད་ལས་གཞི་བརྒྱ་དང་ཞེ་དྲུག་ལྷག་བསྒྲུབས་ནས། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་བྱ་བ་ཡར་ལྡན་དུ་སྤེལ། དུས་ཡུན་ལོ་ངོ་ལྔའི་རིང་ལ། མཚོ་སྔོན་གྱི་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་སོང་ཡོད། ཀྲུང་དབྱང་གིས་སྔོན་རྩིས་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་ལྔ་ས་ཡ་གཉིས་བཏང་བ་དང་། ཞིང་ཆེན་རིམ་པའི་མ་དངུལ་སྒོར་བྱེ་བ་ལྔ་བཏང་ནས། རྒན་གསོ་ཁང་རེ་དགུ་དང་གཞིས་ཁུལ་ལོ་ལོན་རྒན་པར་ལྟ་སྐྱོང་ལྟེ་གནས་སོགས་ཀྱི་སྒྲིག་ཆས་འཛུགས་སྐྲུན་བྱས་པ་བརྒྱུད། གཞི་ནས་འདུས་སྡོད་རྒན་པ་གཙོ་བོ་དང་གཞིས་ཁུལ་ལོ་ལོན་རྒན་པ་ཅུང་ཕལ་བ་ཡིན་པའི་སྤྱི་ཚོགས་རྒན་གསོའི་མ་ལག་འཛུགས་སྐྲུན་གྱི་ཐོག་མའི་རྣམ་པ་ངང་གིས་གྲུབ་ཡོད། དེ་དང་མཉམ་དུ། གཞིས་ཁུལ་དང་བྱིས་པའི་ཕན་བདེ་ལས་གཞིའི་སྐོར་གྱི་སྒྲིག་ཆས་འཛུགས་སྐྲུན་བྱ་བའང་རྨང་རྐང་བརྟན་པོའི་ངང་ཡར་རྒྱས་གོང་འཕེལ་ལ་བཏང་ཡོད། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་སུ། ཁྱོན་བསྡོམས་ཀྲུང་དབྱང་སྔོན་རྩིས་ཚུད་པའི་མ་དངུལ་སྒོར་བྱེ་བ་བརྒྱད་བཀོད་སྒྲིག་བྱས་ཏེ། བྱིས་པའི་ཕན་བདེ་གླིང་དགུ་དང་གཞིས་ཁུལ་ཞབས་ཞུའི་ས་ཚིགས་སོ་གཅིག་བསྐྲུན་ནས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་རོགས་སྒྲུབ་དང་དོ་དམ་ནུས་པ་མངོན་གསལ་ཇེ་མཐོར་བཏང་ཡོད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།