ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གི་མི་རིགས་རིག་གནས་གློག་བརྙན་འཁྲབ་སྟོན་ལྟེ་གནས་ཀྱི་ཕྱིའི་འཛུགས་སྐྲུན་ལེགས་འགྲུབ་བྱུང་སྟེ་ནང་གི་བཀོད་པ་མཛེས་བཟོ་བྱེད་པའི་སྒང་ཡིན་ལ། གཞི་ཁྱོན་ལ་མཚོ་སྔོན་ཞིང་ཆེན་གྱི་ཟློས་གར་ཁང་ཆེན་མོ་དང་ཉེ་བའི་གློག་བརྙན་འཁྲབ་སྟོན་ལྟེ་གནས་འདིས་སང་ལོ་ཞིང་ཆེན་ཡོངས་ཀྱི་གནས་སྐོར་རྫོགས་ལྡན་དུས་ཚིགས་ལ་སྟོབས་ཤུགས་གསར་བ་བསྣོན་རྒྱུ་རེད།

ཉེ་བའི་ལོ་འདི་འགའི་རིང་། མཚོ་སྔོན་ཞིང་ཆེན་ཆི་ལེན་རྫོང་གིས་ཧུར་བརྩོན་གྱིས་རིག་གནས་ཐོན་རྫས་དང་འབྲེལ་ཡོད་ཐོན་རྫས་མཐུན་སྤྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་དང་། ཁྱད་ལྡན་ཐོན་ཁུངས་ཐོན་ལས་སུ་བསྒྱུར་ཏེ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་རྫས་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་བྱུང་བ་དང་རིག་གནས་ཐོན་རྫས་རིམ་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྟོབས་ཤུགས་གསར་བ་ཞིག་ཏུ་འགྱུར་བར་སྐུལ་འདེད་བཏང་།

ཤེས་གསལ་ལྟར་ན། 2015ལོ་ཆི་ལེན་རྫོང་གི་རིག་གནས་ཐོན་རྫས་ཀྱི་ཚོང་ལས་ཡོང་སྒོ་སྒོར་ཁྲི3217ལ་སླེབས་ཡོད་པ་དང་དུས་མཉམ་ལས15%འཕར། རིག་གནས་ཁེ་ལས་ཀྱི་འཕེལ་རྒྱས་བཟང་བོའི་གནས་ཚུལ་འདིས་ཆི་ལེན་རྫོང་རིག་གནས་ཐོན་རྫས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་མ་ཟད། དོན་དངོས་སྟེང་ཆི་ལེན་རྫོང་གི་ཁྱད་ལྡན་ཐོན་ཁུངས་ཐོན་རྫས་སུ་བསྒྱུར་བ་དང་། མི་རིགས་ཀྱི་དམངས་ཁྲོད་ཐོན་རྫས་དང་ཚོང་ར་གཉིས་འབྲེལ་མཐུད་བྱེད་པར་སྐུལ་འདེད་བྱས་ཡོད་པས།མི་རིགས་ཀྱི་ཁྱད་ལྡན་རིག་གནས་ཐོན་རྫས་མཐུན་སྤྱོར་འཕེལ་རྒྱས་བྱུང་བ་མངོན་འགྱུར་བྱེད་པར་ཕན་ནུས་ཆེན་པོ་ཐོན་ངེས།  ། 

 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།