ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས«ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་བསྒྱུུར་བའི་བྱ་བ་ཇེ་མགྱོགས་སུ་གཏོང་བ་དང་། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་དང་ཡར་སྐུལ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར»འགྲེམ་སྤེལ་བྱས་ཏེ། ཞིང་ཕྱུགས་ལས་ཀྱི་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་ཡར་སྐུལ་བྱས་ནས། ཤུགས་ཆེན་པོས་མཐོ་སྒང་གི་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་ཆུ་ཚད་ཇེ་མཐོར་བཏང་།

«བསམ་འཆར»ལས་བསྟན་དོན། ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་བསྒྱུར་བའི་བྱ་བ་ཇེ་མགྱོགས་སུ་གཏོང་བ་དེ་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་རྩ་བའི་ཐབས་ལམ་དུ་བརྩིས་ནས། རྣམ་པ་མང་བོའི་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་གཞི་ཁྱོན་དེ་འོས་འཚམ་གྱི་སྒོ་ནས་ཚོང་གཉེར་བའི་བྱ་བའི་དཀྱིལ་སྙིང་དུ་འཇོག་པ་དང་། རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཀྱི་ཚོད་ལྟ་ས་ཁུལ་དང་། དེང་རབས་ཞིང་ལས་ཀྱི་དཔེ་སྟོན་ས་ཁུལ། ཞིང་ལས་ཚན་རྩལ་ས་ཁུལ། རྣམ་པ་གསར་བའི་ཚོང་གཉེར་བ་གཙོ་ཡིན་པ་ནས་དམ་འཛིན་བྱས་ཏེ། ཧུར་ཐག་སྒོས་ཞིང་ལས་དང་ཕྱུགས་ལས་འཁོར་རྒྱུག་བྱེད་ས་ཤིག་སྤེལ་ཏེ། གཞི་ཁྱོན་ཚོང་གཉེར་དང་ཐོན་རྫས་གྲགས་ཅན་གྱི་ཕན་འབྲས་ལེན་པ་དང་། ཐོན་ལས་དང་པོ་དང་ཐོན་ལས་གཉིས་པ། ཐོན་ལས་གསུམ་པ་གཉེར་ཏེ་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་ལམ་དུ་བསྐྱོད་དགོས། ཉིས་སྟོང་ཉི་ཤུ་ལོར་དེང་རབས་ཞིང་ཕྱུགས་ལས་ཀྱི་དཔེ་སྟོན་ས་ཁུལ་གྱི་གཞི་ཁྱོན་རིམ་བཞིན་ཆགས་པར་བྱས་ནས། མཚོ་སྔོན་ནས་རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཀྱི་ཚོད་ལྟ་ས་ཁུལ་འཛུགས་སྐྲུན་བྱས་ནས་གྲུབ་འབྲས་ཆེན་པོ་ལེན་དགོས་པ་དང་། རྣམ་པ་མང་བོའི་ཞིང་ཕྱུགས་ལས་ཀྱི་གཞི་ཁྱོན་འོས་འཚམ་གྱི་སྒོ་ནས་ཚོང་གཉེར་བའི་བྱ་བ་འཕེལ་རྒྱས་དང་ཇེ་མགྱོགས་སུ་གཏོང་དགོས། ཞིང་ཕྱུགས་ལས་ཀྱི་ཕན་འབྲས་དང་རོང་འབྲོག་པའི་ཡོང་སྒོ་འཕྲོ་རིམ་འཕྲོར་ཇེ་མང་དུ་བཏང་ནས། ཐོན་ལས་བཟང་ཞིང་། ཁོར་ཡུག་མཛེས་ལ། རྒྱུན་སྲིང་ཡིན་པའི་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་ཞིག་རིམ་བཞིན་ཆགས་པར་བརྩོན་ལེན་བྱེད་དགོས་ཟེར།

«བསམ་འཆར»ལས་ནན་གྱིས་བསྟན་དོན། གྲུབ་ཚུལ་ལེགས་སྒྲིག་བྱ་བ་རྒྱུན་འཁྱོངས་བྱས་ནས། ཁྱད་ཆོས་དམ་འཛིན་བྱེད་དགོས་པ་དང་། ཤུགས་ཆེན་པོས་ཐོན་སྐྱེད་ཀྱི་རྣམ་པ་བསྒྱུར་ཏེ། ནུས་པ་གཙོ་བོའི་ས་ཁུལ་གྱི་གཏན་ཁེལ་ལྟར། ཁུལ་ཁོངས་ཆགས་སྟངས་དང་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་བྱ་བ་ཇེ་བཟང་དུ་གཏོང་དགོས་པ་དང་། སྒྲིག་ཆས་ཞིང་ཕྱུགས་ཀྱི་ཕན་འབྲས་ཇེ་མཐོར་གཏོང་བའི་བྱ་བར་སྐུལ་འདེད་དང་ཇེ་མགྱོགས་སུ་གཏོང་བ། ཤུགས་ཆེན་པོས་འདེབས་འཛུགས་དང་ཟུང་དུ་སྦྲེལ་བའི་འཁོར་སྐྱོད་ཞིང་ཕྱུགས་ལས་དང་སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་དགོས། གཞི་ཁྱོན་རྒྱ་བསྐྱེད་པ་རྒྱུན་འཁྱོངས་བྱས་ནས། ནང་རྐྱེན་གསར་སྐྲུན་བྱེད་དགོས་པ་དང་། ཚོང་གཉེར་རྣམ་པ་བསྒྱུར་བའི་བྱ་བ་ཇེ་མགྱོགས་སུ་བཏང་ནས། འོས་འཚམ་གྱི་སྒོ་ནས་རྣམ་པ་མང་བོའི་གཞི་ཁྱོན་ཚོང་གཉེར་བའི་བྱ་བ་འཕེལ་རྒྱས་སུ་གཏོང་དགོས་པ་དང་། རྣམ་པ་གསར་བའི་ཚོང་གཉེར་གཙོ་བོ་རྒྱ་བསྐྱེད་པ་དང་སྐྱེད་སྲིང་བྱེད་པ། རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཀྱི་ཚོད་ལྟའི་ས་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། ཤུགས་ཆེན་པོས་དེང་རབས་ཞིང་ལས་ཀྱི་དཔེ་སྟོན་ས་ཁུལ་འཕེལ་རྒྱས་སུ་གཏོང་དགོས་ཟེར།  །

          

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།