ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལུགས་གསར་ལོ་སར་གྱི་སྔོན་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་ལས་བྱེད་པ་རྣམས་ཀྱིས་བརྩེ་སེམས་ཆེན་པོ་བཅངས་ནས། པད་མ་རྫོང་མཛོ་རྒན་རྭ་བར་གྲོང་རྡལ་རྩྭ་དེའུ་སྡེ་བ་དང་། དགའ་བདེ་རྫོང་གོང་མ་སྟོད་མ་ཞང་ལུང་ཡག་སྡེ་བ། གཙང་སྐོར་ཞོལ་མ་ཞང་གི་འདམ་ཁུག་སྡེ་བ་བཅས་ཀྱི་མི་རིགས་མཐུན་སྒྲིལ་འབྲེལ་མཐུད་རོགས་སྐྱོར་ཁྱིམ་ཚང་ལ་ཕལ་ཆེར་སྒོར་མོ་ཁྲི་གསུམ་ལྷག་དང་ཕྱེ། ནས་སོགས་འཚོ་བའི་མཁོ་རྫས་བྱིན་པ་མ་ཟད། ཁོ་ཚོར་དུས་ཆེན་གྱི་འཚམས་འདྲི་བྱས།

འཚམས་འདྲི་བྱེད་སྐབས། མགོ་ལོག་ཁུལ་དྲིལ་སྒྲོག་པུའུ་ཡི་ལས་བྱེད་པ་རྣམས་སྡེ་བ་དང་ཁྱིམ་ཚང་དུ་སོང་ནས། མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ་མ་ཟད། དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། འབྲེལ་མཐུད་རོགས་སྐྱོར་ཁྱིམ་ཚང་ལ་བདེ་ཐང་སློབ་གསོ་དང་། དཀའ་ཁག་རོགས་སྐྱོར། སྲིད་ཇུས་དྲིལ་སྒྲོག་སོགས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས། དགའ་བདེ་རྫོང་གོང་མ་སྟོད་མ་ཞང་ལུང་ཡག་སྡེ་བར་མ་དངུལ་སྒོར་མོ་སྟོང་གཉིས་དང་། ཕྱེ་དང་ནས། འབྲས་སོགས་བྱིན་པར་ས་དེའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།

མཚམས་སྦྱོར་བྱས་པ་ལྟར་ན། མི་རིགས་མཐུན་སྒྲིལ་འབྲེལ་མཐུད་རོགས་སྐྱོར་བྱ་འགུལ་སྤེལ་བའི་ཚུན་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དྲིལ་སྒྲོག་པུའུ་ཡི་ལས་བྱེད་པ་དང་ལས་བཟོ་བ་བཅུ་དྲུག་གིས་ཚན་ཆུང་གསུམ་བཙུགས་ནས་དབུལ་ཕོངས་ཁྱིམ་ཚང་དྲུག་ཅུ་ལྷག་ལ་འབྲེལ་མཐུད་རོགས་སྐྱོར་བྱས་ནས། དུས་བཅད་ལྟར་འཚོ་བའི་འཚམས་འདྲི་བྱ་འགུལ་སྤེལ་ཞིང་། མི་རིགས་མཐུན་སྒྲིལ་རིགས་གཞུང་ཤེས་བྱ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ། དམངས་ཚིས་སྲིད་ཇུས། བདེ་ཐང་སློབ་གསོའི་ཤེས་བྱ་སོགས་དྲིལ་སྒྲོག་བྱས་ཏེ། འདྲ་མཉམ་དང་། མཐུན་སྒྲིལ། ཕན་ཚུན་རོགས་རམ། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་གཞི་ཆེན་མོ་གསར་སྐྲུན་བྱས།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།