ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2015ལོའི་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིས་ནུས་ཁུངས་གསར་བའི་འཕེལ་རྒྱས་གྲུབ་འབྲས་ལ་རྒྱབ་སྐྱོར་དང་ཞབས་འདེགས་ཞུ་བའི་ཐད་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས། གསར་འགོད་པས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། 2015ལོའི་ལོ་མཇུག་བར་དུ། མཚོ་སྔོན་ཞིང་ཆེན་གྱི་དྲ་སྦྲེལ་ནུས་ཁུངས་གསར་བའི་གློག་འདོན་སྤྱིའི་ཤོང་ཚད་སྟོང་ཝ་ས་ཡ་དྲུག་དང་ཁྲི་བདུན་ལ་སླེབས་པ་དང་། དེས་ཞིང་ཆེན་ཡོངས་ཀྱི་སྤྱིའི་ཤོང་ཚད་ཀྱི་བརྒྱ་ཆའི་ཉེར་དགུ་དང་གྲངས་ཆུང་ལྔ་ཟིན་ལ། ཉི་འོད་ནུས་པའི་གློག་འདོན་ས་ཚིགས་ཀྱི་སྤྱིའི་ཤོང་ཚད་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད།

མཚོ་སྔོན་ནུས་ཁུངས་གསར་བའི་ཐོན་ལས་ཀྱི་འཕེལ་རྒྱས་དེ་དུས་རབས་སྔོན་མའི་ལོ་རབས་དགུ་བཅུའི་ནང་མགོ་བརྩམས་པ་དང་། མཚོ་སྔོན་ཉི་འོད་ནུས་པའི་འཕེལ་རྒྱས་དེ2010ལོར་མགོ་བརྩམས་པ་ཡིན་ལ། 2015ལོའི་ལོ་མཇུག་བར་དུ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དྲ་སྦྲེལ་ནུས་ཁུངས་གསར་བའི་གློག་འདོན་སྤྱིའི་ཤོང་ཚད་སྟོང་ཝ་ས་ཡ་དྲུག་དང་ཁྲི་བདུན་ལ་སླེབས་པ་དང་། དེས་ཞིང་ཆེན་ཡོངས་ཀྱི་སྤྱིའི་ཤོང་ཚད་ཀྱི་བརྒྱ་ཆའི་ཉེར་དགུ་དང་གྲངས་ཆུང་ལྔ་ཟིན་ལ། ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གསར་བའི་ཐད་ནས་ལོ་ལྔའི་རིང་ལ་བསྡོམས་པས་གློག་འདོན་ཚད་དུས་ཚོད་རེར་སྟོང་ཝ་ཐེར་ཆེན་གཅིག་ཐེར་འབུམ་བརྒྱད་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ལ་སླེབས་པ་དང་། དེས་མེ་ཤུགས་གློག་འདོན་དང་བསྡུར་ན། རྡོ་སོལ་ཏུན་ས་ཡ་དྲུག་གྲོན་ཆུང་བྱས་པ་དང་། དབྱང་གཉིས་ཐཱན་འགྱུར་ཕྱིར་འདོན་ཚད་ཏུན་བྱེ་བ་གཅིག་དང་ས་ཡ་ལྔས་ཇེ་ཉུང་དུ་བཏང་ནས། དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཁོར་ཡུག་ཕན་འབྲས་བཟང་བོ་བསྐྲུན།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།