ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།མཚོ་སྔོན་ཞིང་ཆེན་གྱི་སྒུལ་བདེའི་རིག་ནུས་སྨན་ཁང་གི་སྟེགས་བུ་ཐོག་མ་དེ་ཉེ་ཆར་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་ཁང་དུ་དངོས་སུ་སྤྱོད་འགོ་ཚུགས་པར། ནད་པས་ལག་ཐོགས་ཁ་པར་གྱི་སྐད་འཕྲིན་ནམ་ཡང་ན་གཏོང་སྤྲོད་སྟེགས་བུ་བརྒྱུད་དྲ་ཐོག་ནས་ཨང་ཀི་བཀག་པ་དང་། སྨན་རིན་སྤྲོད་པ། བརྟག་དཔྱད་འབྲས་བུ་དང་སྨན་རིན་དུས་ཐོག་ཏུ་རྩད་འདྲི་བཅས་ཐུབ་ཀྱི་ཡོད་པ་རེད།

དེ་སྔའི་སྲོལ་རྒྱུན་གྱི་ནད་ལྟ་བའི་རྣམ་པར་ནད་པས་ཨང་ཀི་བཀག་པ་དང་། སྨན་བཅོས་བྱ་རྒྱུར་སྒུག་པ། སྨན་རིན་སྤྲོད་པ་སོགས་ཀྱི་བརྒྱུད་རིམ་ནང་བང་ཡུན་རིང་སྒྲིག་དགོས་པས་དུས་ཐོག་ཏུ་སྨན་བཅོས་བྱེད་པའི་དགོས་མཁོ་སྐོང་དཀའ་བ་དང་ཐ་ན་སྨན་པ་དང་ནད་པའི་དབར་འགལ་ཟླའང་ཐོན་གྱི་ཡོད། དེར་བརྟེན་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་ཁང་གིས་ཆ་འཕྲིན་ཅན་འཛུགས་སྐྱོང་ཐད་གཞི་ཁྱོན་རགས་ཙམ་ཆགས་པའི་རྨང་གཞིའི་ཐོག རྒྱལ་ནང་གི་སྔོན་ཐོན་གྱི་དྲ་སྦྲེལ་རིག་ནུས་ཞབས་ཞུའི་ལག་རྩལ་སྤྱད་ནས་སྒུལ་བདེའི་རིག་ནུས་སྨན་ཁང་གི་སྟེགས་བུ་གསར་སྤེལ་བྱས་པ་རེད།

མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་ཁང་གི་ཆ་འཕྲིན་ཁོའོ་ཡི་ཀྲུའུ་རེན་ཧོང་ཧུང་དབྱིང་གིས“ནད་པས་སྨན་ཁང་གི་རྩ་གཉིས་ཨང་ཐིག་འདྲ་བཤུ་བྱེད་ཆོག་པ་དང་། དེ་སྔ་སྨན་ཁང་དུ་བང་བསྒྲིགས་ཏེ་གྲོན་དངུལ་སྤྲད་དེ་ཨང་ཀི་བཀག་པ་དེ་དག་ཚང་མ་སྒུལ་བདེའི་དུད་སྣེའི་ཐོག་མངོན་གྱུར་ཐུབ་ཀྱི་ཡོད”ཅེས་བརྗོད་པ་དང་། མཚོ་སྔོན་གྱི་སྒུལ་བདེའི་རིག་ནུས་སྨན་ཁང་གི་སྟེགས་བུའི་ཞབས་ཞུ་ཐོག་མ་ཡིན་པའི་ངོས་ནས་སྟེགས་བུ་དེ་མཚོ་བོད་ས་མཐོའི་སྨན་ཁང་དེ་བས་མང་བར་ཁྱབ་གདལ་བཏང་ནས་ནད་པས“ནད་ལྟ་བར་ཉིན་གང་འགོར་བ”ནས“ནད་ལྟ་བར་ཆུ་ཚོད་གཅིག་ལས་མི་དགོས་པའི་བར”འགྱུར་རེ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།