ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་འགན་འཁྲི་གཉིས་དངོས་འབེབས་བྱ་བར་ཡར་སྐུལ་བྱེད་པའི་གྲོས་ཚོགས་ཟི་ལིང་ནས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་གྱིས་གཏམ་བཤད་ཁྲོད་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་འགན་འཁྲི་གཉིས་དངོས་འབེབས་བྱ་བའི་རང་རྟོགས་རང་བཞིན་དང་ཁ་གཏད་རང་བཞིན། གཟབ་ནན་རང་བཞིན་བཅས་ཇེ་དྲག་ཏུ་བཏང་བ་བརྒྱུད། མཚོ་སྔོན་ཞིང་ཆེན་ཡོངས་ལ་རང་དཔེ་གཞན་སྟོན་གྱི་བྱེད་ནུས་འདོན་དགོས་ཟེར། ཝང་ཅན་ཅོན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུས་འགན་འཁྲི་གཉིས་དངོས་འབེབས་བྱ་བར་བཀོད་སྒྲིག་བྱས་པ་ནས་བཟུང་། ཞིང་ཆེན་ཏང་ཨུའི་ཏང་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་དེ་བསྟུན་གཞོགས་འདེགས་བྱས་ཏེ། དངོས་འབེབས་བྱ་བར་ཕན་པའི་ཞིབ་ཕྲའི་བླང་བྱ་གསལ་འདོན་བྱས་ལ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོས་ལས་དོན་དེར་མཐོང་ཆེན་བླ་མེད་དང་སེམས་ཤུགས་ཡོད་རྒུ་རྩལ་དུ་བཏོན་ནས་བསྒྲུབས། བྱ་བའི་གཙོ་གནད་དམ་འཛིན་བྱེད་པ་དང་འཐུས་ཚང་གི་ལམ་ལུགས་འཛུགས་སྐྲུན་བྱེད་པ། སྒྲིག་ཁྲིམས་དམ་སྲུང་བྱ་བ་སྔར་ལས་ཇེ་དྲག་ཏུ་བཏང་བ་བཅས་བརྒྱུད། གནད་དོན་འབུར་ཐོན་འགའ་རིམ་པར་ཐག་བཅད་དེ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བ་ཡར་ལྡན་དུ་སྤེལ་ཡོད། ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དགོངས་དོན་ལ་གོ་བ་ཟབ་མོ་བླངས་ནས། ཅི་ཞིག་སྒྲུབ་བཞིན་པ་དང་ཇི་ལྟར་བསྒྲུབ་དགོས་པ། ཅིའི་ཕྱིར་བསྒྲུབ་དགོས་པ་བཅས་ཀྱི་གནད་དོན་བཅས་ལ་ངོས་ཟིན་ཡང་དག་པར་བྱེད་དགོས། རང་བབ་འགན་འཁྲིའི་གལ་ཆེན་རང་བཞིན་ལ་གོ་བ་ཡང་དག་བླངས་ནས། ཏང་ཨུས་ཁྱོན་ཡོངས་མགོ་ཁྲིད་གི་ཐུན་མོང་འགན་འཁྲི་ཕྲག་སྟེང་དུ་ལེན་ཕོད་དགོས་ལ། སྒྲིག་ཁྲིམས་ཞིབ་བཤེར་རྩ་འཛུགས་ཀྱིས་ལྟ་སྐུལ་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་བ་བརྒྱུད་དེ། ཏང་ཨུ་དང་གཞོགས་འདེགས་གཞོགས་སྐྱོར་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྩ་འཛུགས་མཐུན་སྦྱོར་བྱེད་པའི་འགན་ནུས་འཕྲལ་སྒྲུབ་ཡོང་བར་འབད་དགོས། མགོ་ཁྲིད་དང་པོའི་འགན་འཁྲིའི་འདུ་ཤེས་དང་འགན་འཁྲི་ཕྲག་སྟེང་དུ་ལེན་ཕོད་པའི་ནུས་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་ནས། རང་བདག་འགན་འཁྲི་དངོས་འབེབས་བྱ་བ་ཕན་འབྲས་ལྡན་པའི་ངང་སྤེལ་དགོས་པ་བསྟན།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།