རྨ་སྟོད་རྫོང་གི་གནས་སྤར་འབྲོག་པ2414ཡི་བདེ་སྐྱིད་ཀྱི་འཚོ་བར་རོལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྨ་ཆུའི་སྟོད་རྒྱུད་ན་ཆགས་པའི་རྨ་སྟོད་རྫོང་གིས་ཤུགས་ཆེན་པོས་ཕྱུགས་བསྐྱུར་རྩྭ་སྐྱོང་དང་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་གནས་སྤོར་ལས་གཞི་སྤེལ་ནས། ཉེ་བའི་ལོ་འགའི་རིང་ལ་བསྡོམས་པས་འབྲོག་པ་མི2414རྟ་བོ་གྲོང་བརྡལ་དང་། རྨ་སྟོད་རྫོང་མཁར་། ཐུན་ཏེ་རྫོང་སོགས་སུ་སྤར་ནས་རྗེས་མཐུད་ཐོན་ལས་སྤེལ་བ།   

    ཉེ་བའི་ལོ་འགའི་རིང་ལ། ཏང་དང་རྒྱལ་ཁབ་གྱིས་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཟིགས་སྐྱོང་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་པས། མཚོ་ངོས་ལས་མཐོ་ཚད་སྨི4200 ལྷག་ཡོད་པའི་རྨ་སྟོད་རྫོང་གི་འབྲོག་པའི་སྡོད་ཁང་དང་།འགྲིམ་འགྲུལ།  སློབ་གྲྭ  སྨན་བཅོས་སོགས་ཀྱི་ཆ་རྐྱེན་ཇེ་ལེགས་སུ་སོང་བ་དང་དེའི་རྨང་གཞིའི་སྟེང་། “སྲིད་གཞུང་གི་སྣེ་ཁྲིད་པ་དང་། མང་ཚོགས་རྣམས་རང་འཐད། ཚན་རིག་གིས་འཆར་འགོད། ས་གནས་དང་བསྟུན་ནས་བྱ་བ་སྒྲུབ་པ་དང། རིགས་བཀར་ནས་མཛུབ་སྟོན་གནང་བ། སྔོན་ཐོན་གྱིས་མ་དཔེ་སྟོན་པ”སོགས་ཀྱི་རྩ་དོན་ལྟར་རྨ་སྟོད་རྫོང་གིས་རྫོང་ཡོངས་ཀྱི་གནས་སྤོར་བྱས་པའི་སྡེ་གསར་བཞིའི་ཐུན་མོང་མ་ཡིན་པའི་ས་ཁམས་ཁོར་ཡུག་དང་། གནམ་གཤིས་ཀྱི་ཆ་རྐྱེན། ས་གནས་ཀྱི་དགེ་མཚན་སོགས་ལ་གཞིགས་ནས་མ་དངུལ་ཁྲི3795བཏང་ནས་ཤུགས་ཆེན་པོས་ཟངས་སྐུད་ཐང་ག་གསར་བཟོ་དང་། མི་རིགས་ཀྱི་གྱོན་ཆས་ལས་སྣོན། བོད་ཀྱི་ས་གདན་འཐག་པ། འདེབས་འཛུགས་གསོ་སྤེལ། གཞུང་ལམ་བདག་སྐྱོང་། རྩོལ་ཤུགས་ཕྱིར་གཏོང་། ཚོང་ལས་ཞབས་ཞུ། ཕྱུགས་ལས་ཐོན་རྫས་ལས་སྣོན་སོགས་གནས་སྤར་ཡུལ་མིའི་རྗེས་མཐུད་ཐོན་ལས་འཕེལ་རྒྱས་སུ་བཏང་། 

བསྡོམས་རྩིས་བྱས་པ་ལྟར་ན། མིག་སྔར་རྨ་སྟོད་རྫོང་གི་གནས་སྤར་བྱས་པའི་སྡེ་གསར་བཞི་ལ་བསྡོམས་པས་ཁྱིམ་ཚང857དང་མི2414ཡོད་པ་དང་། སྡེ་གསར་བཞིའི་ལོ་ཡོངས་ཀྱི་སྤྱིའི་ཡོང་འབབ་སྒོར་ཁྲི3247.17ཡིན། དེའི་ཁྲོད་ཚོང་གཉེར་རང་བཞིན་གྱི་ཡོང་འབབ་སྒོར་ཁྲི129.2ཡིན་ལ་སྤྱིའི་ཡོང་འབབ་ཀྱི3.98%དང་། གླ་ཕོགས་རང་བཞིན་གྱི་ཡོངས་འབབ་སྒོར་ཁྲི291ཡིན་ལ་སྤྱིའི་ཡོང་འབབ་ཀྱི8.96%། རྒྱུན་ནོར་རང་བཞིན་གྱི་ཡོང་འབབ་སྒོར་ཁྲི33.9ཡིན་ལ་སྤྱིའི་ཡོང་འབབ་ཀྱི1.04%། སྤོ་སྒྱུར་རང་བཞིན་གྱི་ཡོང་འབབ་སྒོར་ཁྲི2793.07ཡིན་ལ་སྤྱིའི་ཡོང་འབབ་ཀྱི86.2%བཅས་ཟིན། མིག་སྔར། གནས་སྤར་བྱས་པའི་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར3538ལ་བསླེབས་ཡོད།   །  

              

                           

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།